ཨོ་སི་ཊོ་ལི་ཡའི་ནང་རྒན་ཡོལ་གསོག་དངུལ་ལམ་ལུགས་འགྲེལ་བརྗོད།

རྒན་ཡོལ་གསོག་དངུལ་ནི་ཨོ་སི་ཊོ་ལི་ཡའི་ནང་རང་ཉིད་ལོ་ན་རྒན་ཁོག་ཆགས་དུས་བེད་སྤྱོད་གཏོང་ཆོག་པའི་གསོག་དངུལ་གལ་ཆེན་ཞིག་ཆགས་ཡོད། འོན་ཀྱང་ཆེད་མཁས་པ་ཚོས་གཞིས་སྤོས་ལ་སླེབས་ནས་ལས་ཀ་བྱེད་མཁན་ཚོས་དེའི་ཐད་དོ་སྣང་མི་བྱེད་པས་རྐྱེན་གྱིས་རྒན་ཡོལ་གསོག་དངུལ་ཐད་གྱོང་རག་པ་དང་། གསོག་དངུལ་དང་འབྲེལ་བའི་དགོས་མེད་ཀྱི་གླ་ཆ་དང་དངུལ་འཁྱེར་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

Piggy bank

About a quarter of all super account holders in Australia end up with multiple super funds, paying unnecessary fees and premiums. Source: Getty Images

རྒན་ཡོལ་གསོག་དངུལ་ནི་ཁྱེད་རང་གིས་ལས་ཀ་བྱས་པའི་གླ་ཆའི་ཡོང་འབབ་ལས་ཆ་ཤས་ཤིག་ཟུར་དུ་གསོག་ནས་ཐེབས་རྩ་དེ་ཁྱེད་རང་ཉིད་རྒན་ཡོལ་ཞུས་རྗེས་བེད་སྤྱོད་གཏོང་ཆེད་དུ་ཡིན། རྒན་ཡོལ་གསོག་དངུལ་འགན་ལེན་ནི་ཁྱེད་རང་གི་གླ་ཆ་ལས་བརྒྱ་ཆ་ཉུང་ཉུང་ཞིག་ལས་ཀའི་སྦྱིན་བདག་གིས་ངེས་པར་དུ་ཁྱེད་རང་གི་གསོག་དངུལ་ནང་བླུག་དགོས་ཀྱི་ཡོད་པ་རེད། 

ད་ལྟའི་ཆར་རྒན་ཡོལ་གསོག་དངུལ་འགན་ལེན་གྱི་བརྒྱ་ཆ་ ༩་༥ ཡིན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ནས་བཟུང་བརྒྱ་ཆ་ ༡༠ བར་ཡར་འཕར་གྱི་ཡོད་པ་རེད། 


དོན་དག་སྙིང་བསྡུས།

  • ད་ལྟའི་ཆར་རྒན་ཡོལ་གསོག་དངུལ་འགན་ལེན་གྱི་བརྒྱ་ཆ་ ༩་༥ ཡིན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ནས་བཟུང་བརྒྱ་ཆ་ ༡༠ བར་ཡར་འཕར་གྱི་ཡོད་པ་རེད། 
  • ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་མཁན་བཞི་ཆ་གཅིག་ཙམ་ལ་རྒན་ཡོལ་གསོག་དངུལ་ཐེབས་རྩ་གཅིག་ལས་མང་བ་བཟོས་ཡོད་པའི་རྐྱེན་གྱིས་དེས་ཁྱེད་རང་གི་རྒན་ཡོལ་གསོག་དངུལ་བསགས་ཚད་ཉུང་དུ་གཏོང་གི་ཡོད།
  • ཕྱི་ལོ་ ༢༠༢༡ ཟླ་ ༧ ནས་བཟུང་གསོག་དངུལ་ཐེབས་རྩ་ཁ་བྱང་ལས་ཀ་བྱེད་མཁན་སོ་སོ་དང་མཉམ་སྦྱར་བྱ་རྒྱུ་སྟབས། མམ་འོངས་པར་ལས་ཀ་བརྗེ་པོ་རྒྱག་དུས་སོ་སོ་རང་ཉིད་ཀྱིས་དོ་དམ་བྱེད་ཆོག

མི་སུ་ཞིག་གིས་དཔྱ་ཁྲལ་མ་སྤྲོད་སྔོན་ནས་ཁྱོན་ཟླ་བ་རེར་ཨོ་སྒོར་ ༤༥༠ ལས་མང་བ་གསོག་ཐུབ་ཀྱི་ཡོད་ཚེ་སྦྱིན་བདག་གིས་ལས་ཀ་བྱེད་མཁན་དེ་ལ་རྒན་ཡོལ་གསོག་དངུལ་སྤྲོད་དགོས་ཀྱི་ཡོད་པ་རེད།
Retired men and women playing
According to the Association of Super Funds Australia, an individual retiring today would need $28,179 and a couple $40,739, to live a modest retired life. Source: Getty Images

རྒན་ཡོལ་གསོག་དངུལ་གསོག་སའི་ཁ་བྱང་མང་པོ་ཞིག་བཟོས་ན་དེས་ཁྱེད་རང་གི་གསོག་དངུལ་ལ་སྐྱོན་རྒྱག་གི་ཡོད། འོན་ཀྱང་གཞིས་སྤོ་དུ་ཡོང་མཁན་དང་ལྷག་པར་དུ་གསར་དུ་འབྱོར་མཁན་དེ་ཚོས་རྒན་ཡོལ་གསོག་དངུལ་གྱི་འགྲོ་སྟངས་གང་འདྲ་ཡིན་མིན་ཤེས་ཀྱི་མེད། 

མེལ་བྷོན་དུ་བརྟེན་གཞི་བྱས་ཡོད་པའི་ FWCG ཞེས་པའི་ཚོགས་པ་ཞིག་གི་དངུལ་རྩིས་སློབ་སྟོན་པ་རཱ་ཤེ་ཤི་ Rashesh Bhavsar ལགས་ཀྱིས་མི་མང་པོ་ཞིག་གིས་གསོག་དངུལ་ཐེབས་རྩ་ཁག་ཁ་ཤས་ཡོད་ན་མེད་པ་བཟོ་བཞིན་ཡོད་པ་རེད། གང་ཡིན་ཟེར་ན་ཁྱེད་རང་ལ་གསོག་དངུལ་ཐེབས་རྩ་གཅིག་ལས་མང་བ་ཡོད་ཚེ་ཚང་མ་ནས་གླ་ཆ་བླངས་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་མི་ཚོས་ལས་ཀ་བརྗེ་པོ་རྒྱག་ཐེངས་རེར་གསོག་དངུལ་གྱི་ཐེབས་རྩ་ཡང་གཞན་ཞིག་བཟོས་ནས་ཐེབས་རྩ་མ་འདྲ་བ་མང་པོ་ཆགས་པ་དང་། ཁོང་ཚོས་རྒན་ཕོག་གསོག་དངུལ་ཐེབས་རྩ་དེ་ཚོ་ལ་གླ་ཆ་མཐོ་པོ་སྤྲོད་བཞིན་ཡོད་པ་རེད། དེ་འདྲ་སོང་ཙང་མི་རེར་གསོག་དངུལ་ཐེབས་རྩ་མ་འདྲ་བ་ཁག་བཞི་ལྔ་དེ་འདྲ་ཆགས་དུས་དེ་ཚོ་ཚང་མས་གླ་ཆ་ལེན་འགྲོ་བཞིན་་ཡོད་པ་རེད། ཁོང་ཚོའི་གསོག་དངུལ་ཐེབས་རྩའི་ཁ་བྱང་ཁ་ཤས་ནང་ལ་གསོག་དངུལ་མེད་པར་ཀླད་ཀོ་ཆགས་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱིས་འགྲེལ་བརྗོད་གནང་བར་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་མི་བཞི་ཆ་གཅིག་ཙམ་གྱིས་གསོག་དངུལ་གྱི་ཐེབས་རྩ་ཁ་བྱང་གཅིག་ལས་མང་བ་བཟོས་ཡོད་འདུག

ཐེབས་རྩ་ཁག་སོ་སོ་ནས་གླ་ཆ་ལེན་འགྲོ་བཞིན་ཡོད་སྟབས། མི་མང་པོ་ཞིག་གིས་གསོག་དངུལ་ཐེབས་རྩ་ཁག་ཅིག་གི་ཁ་བྱང་ནང་གསོག་དངུལ་མེད་པར་དངུལ་གྲངས་ཀླད་ཀོར་ཆགས་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་ལས་ཀ་སྤྲོད་མཁན་གྱིས་ལས་ཀ་བྱེད་མཁན་རྣམས་ལ་རྒན་ཡོལ་གསོག་དངུལ་གྱི་ཐེབས་རྩ་གང་ཞིག་ཏུ་ཁ་བྱང་བཟོ་དགོས་མིན་ངོ་སྤྲོད་དགོས་འདུན་མི་སྟོན་པར་ལས་ཀ་བྱེད་མཁན་སོ་སོ་ནས་ཁ་བྱང་གང་ཞིག་ཏུ་གསོག་གི་ཡིན་མིན་བལྟ་ཆོག་གི་ཡོད་པ་རེད།

ཁྱེད་རང་གི་རྒན་ཡོལ་གསོག་དངུལ་དེ་རྒན་ཡོལ་ཞུས་རྗེས་དང་ཡང་ན་ལོ་ན་ ༦༥ ལས་བརྒལ་རྗེས་མ་གཏོགས་མར་འདོན་ཆོག་གི་མེད་པ་རེད། མཚམས་རེར་གནས་སྟངས་ཤིག་གི་འོག་གྲངས་ཚད་ཧ་ཅང་ངེས་ཅན་ཞིག་བཏོན་ཆོག་པ་ཡོང་གི་ཡོད།
A food delivery rider
During the COVID-19 pandemic, 4.8 million workers accessed their super early. Source: Rio Helmi/LightRocket via Getty Images
ཨོ་སི་ཊོ་ལི་ཡའི་ (APRA) ཞེས་པའི་ཚོགས་པ་ཞིག་གིས་ཡིག་ཆ་སྟོན་པར་ལྟར་ན། ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་བརྡལ་གྱི་སྐབས་སུ་ཨོ་སི་ཊོ་ལི་ཡའི་མི་མང་ས་ཡ་ ༤་༨ ཙམ་རྒན་ཡོལ་གསོག་དངུལ་ནང་འཛུལ་ཞུགས་བྱས་ཡོད་སྐོར་གསལ་འདུག

ཁྱེད་རང་གི་གསོག་དངུལ་ཉུང་ཉུང་ལས་བྱུང་མེད་ཚེ་སྒྱུར་བཅོས་གཏོང་ཐབས།

ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་རྩིས་ཁྲ་སྒྲིག་གཞི་སྐོར་ཆེད་མཁས་པ་དང་རྒན་ཡོལ་གསོག་དངུལ་གྱི་འགན་འཛིན་ 

Tony Negline ལགས་ཀྱིས་མི་སུ་ཞིག་གིས་སྔོན་མ་ནས་རྒན་ཡོལ་གསོག་དངུལ་ནང་ཞུགས་ཡོད་ཚེ་གླ་ཆ་ནས་གྱོང་གུད་སྒྱུར་བཅོས་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་དཔེར་ན་གལ་སྲིད་ཁྱེད་རང་ལ་ལོ་གཅིག་ལ་གླ་ཆ་ཨོ་སྒོར་ ༤༠༠༠༠ རག་གི་ཡོད་ན། ཁྱེད་རང་གིས་ཁྱེད་ཀྱི་སྦྱིན་བདག་ལ་ཨོ་སྒོར་ ༣༧༠༠༠ ཐམ་པ་དེ་གླ་ཆ་ལྟ་བུར་སྤྲོད་པ་དང་། གཞན་སྒོར་མོ་ ༣༠༠༠ ཐམ་པ་དེ་སྦྱིན་བདག་གིས་ཞལ་འདེབས་ལྟར་བུ་ཁྱེད་རང་གི་གསོལ་དངུལ་ནང་ཐོལ་པ་བླུག་རོགས་ཞུ་དགོས་ཀྱི་ཡོད་པ་རེད། 

གླ་ཆ་ཡོང་སྒོར་དམའ་བའི་མི་རྣམས་ཀྱི་ཆེད་དུ་གཞུང་ལ་(རྒན་ཡོལ་གསོག་དངུལ་མཉམ་འབྲེལ་ཞལ་འདེབས་འཆར་གཞི་) Super co-contribution scheme ཞིག་ཡོད་པས་དེས་ཁྱེད་རང་གི་རྒན་ཡོལ་གསོག་དངུལ་ནང་དངུལ་ཁ་སྣོན་རྒྱག་གི་ཡོད།

སྐུ་ཞབས་ནེག་ལེན་  Negline ལགས་ཀྱིས་གལ་སྲིད་སུ་ཞིག་གིས་ལོ་གཅིག་གི་ནང་ཨོ་སྒོར་ ༤༡༠༠༠ ལས་ཉུང་བ་མ་གཏོགས་གསོག་ཐུབ་ཀྱི་མེད་ཚེ། དཔྱ་ཁྲལ་སྤྲད་ཚར་རྗེས་ཨོ་སྒོར་ ༡༠༠༠ ཐམ་པ་ཁྱེད་རང་གི་གསོག་དངུལ་ནང་བླུག་ནས་དཔྱ་ཁྲལ་ལས་ཁུངས་ལ་ཞུ་དགོས་ཀྱི་ཡོད་པ་རེད། དཔྲ་ཁྲལ་ལས་ཁུངས་ཀྱིས་རྗེས་མར་ཨོ་སྒོར་ ༥༠༠ ཐམ་པ་ཁྱེད་རང་གི་གསོག་དངུལ་ནང་བླུག་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་རྒན་ཡོལ་གསོག་དངུལ་ཐེབས་རྩ་ཚོགས་པ་ (ASFA) ཞེས་པས་འགྲེལ་བརྗོད་གནང་བར་ལྟར་ན། མི་སྒེར་པ་དང་བཟའ་ཚང་ལོ་ན་ ༦༥ ཙམ་ལོན་ཚར་རྗེས་རྒན་ཡོལ་རྗེས་དེང་དུས་ཀྱི་འཚོ་བ་སྤྱོད་སྟངས་ལྟར་བྱས་པ་ཡིན་ན། ད་ལྟའི་ཆར་ལོ་རེའི་འགྲོ་གྲོན་དངུལ་འབོར་ཨོ་སྒོར་ ༢༨༡༧༩ དང་ ༤༠༧༣༩ ཙམ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
50 dollar notes.
Experts say super is the most tax effective way to saving for the future as super contributions are taxed at a lower rate than the marginal income tax rate. Source: Paul Kane/Getty Images

 འོན་ཀྱང་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ནང་ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་གནས་ཚུལ་བསྡུ་ལེན་ལས་ཁུངས་ཀྱིས་གནས་ཚུལ་བཏོན་གསལ་ལྟར་ན། སྤྱིར་སྟངས་རྒན་ཡོལ་གསོག་དངུལ་དུས་ཡུན་ལོ་ན་ ༡༥ དང་དེའི་ཡན་ཆགས་ཡོད་པ་རྣམས་ཀྱི་ནང་། སྐྱེས་པ་རྣམས་ཀྱི་ཆ་སྙོམ་གསོག་དངུལ་ཨོ་སྒོར་ ༡༦༨༥༠༠ ཙམ་དང་བུད་མེད་རྣམས་ཀྱིས་གསོག་ཚད་ཆ་སྙོམས་ཨོ་སྒོར་ ༡༢༡༣༠༠ ཙམ་ཡིན་འདུག

སྤྱིར་སྟངས་ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༦༦ ལོན་པ་དང་དེའི་ཡན་རྣམས་ལ་རྒས་ཕོགས་ཐོབ་ཐང་སྤྲོད་ཀྱི་ཡོད་ཀྱང་། གལ་སྲིད་ཁྱེད་ལ་ཡོང་འབབ་དང་གསོག་དངུལ་གཞན་མེད་ཚེ་རྒས་ཕོགས་གཅིག་པུས་འདང་ངེས་ཤིག་ཆགས་ཐུབ་ཀྱི་མེད་པ་རེད།

སྐུ་ཞབས་བྷ་ཝི་སར་ Bhavsar ལགས་ཀྱིས་རྒན་ཡོལ་གསོག་དངུལ་ནི་མ་འོངས་པར་གསོག་དངུལ་ཆེད་དུ་དཔྱ་ཁྲལ་ལ་ཤུགས་རྐྱེན་སྤྲོད་མཁན་ལམ་ཁ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

ཁོང་གིས་གལ་སྲིད་ཁྱེད་རང་ཡོང་སྒོ་མཐོ་པོ་གསོག་མཁན་ཞིག་ཡིན་ཚེ་དཔྱ་ཁྲལ་བརྒྱ་ཆ་ ༤༧ སྤྲོད་དགོས་ཀྱི་ཡོད་པས། ཁྱེད་རང་གིས་གསོག་དངུལ་ནང་བླུག་ཚེ་དཔྱ་ཁྲལ་བརྒྱ་ཆ་ ༡༥ ཙམ་ལས་འགྲོ་བཞིན་མེད་སྐོར་བརྗོད་འདུག

སྐུ་ཞབས་ Negline ལགས་ཀྱིས་ཁྱེད་རང་གི་ལས་ཀའི་ངོ་བོ་ཇི་ལྟར་ཡིན་མིན་ལ་མ་བལྟོས་པར་ཁྱེད་རང་གི་རྒན་ཡོལ་གསོག་དངུལ་གསོག་འཇོག་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དངུལ་ཉུང་ངུ་ཞིག་ཀྱང་མར་མ་བཅོག་པར་དེ་རིང་ནས་བཟུང་ཁྱེད་རང་གིས་ཟུར་ཞིག་ལ་གསོག་དགོས་རྒྱུ་གལ་ཆེན་པོ་རེད། དངུལ་ཏོག་ཙམ་ཞིག་ཡིན་ནའང་ཁྱེད་རང་གིས་དེ་རིང་ནས་བཟུང་ཟུར་ལ་གསོག་བསྡད་པ་ཡིན་ན། མ་འོངས་པའི་ནང་འགྱུར་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་ངས་དེ་རིང་ཨོ་སྒོར་ ༡༠༠༠ ཐམ་པ་གསོག་དངུལ་ནང་ཡར་བཅུག་པ་ཡིན་ན་ལོ་ ༡༠ ཡི་རྗེས་ལ་དེའི་རིན་ཐང་ཨོ་སྒོར་ ༢༠༠༠ ཆགས་རྒྱུ་དང་། དེའི་རྗེས་ཀྱི་ལོ་ ༡༠ རྗེས་ལ་ཨོ་སྒོར་ ༢༠༠༠ ནས་ ༤༠༠༠ ལ་འགྲོ་བ། ཡང་དེའི་རྗེས་ཀྱི་ལོ་ ༡༠ རྗེས་ལ་ཨོ་སྒོར་ ༤༠༠༠ ནས་ ༨༠༠༠ ལ་འགྲོ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག

རྒན་ཡོལ་གསོག་དངུལ་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་ moneysmart.gov.au ཐོག་གཟིགས་རོགས།

མ་ཚད་ཁྱེད་རང་གིས་ཁ་པར་ཨང་གྲངས་ ༡༣༡ ༢༠༢ བརྒྱུད་ཨོ་སི་ཊོ་ལི་ཡའི་དངུལ་རྩིས་གནས་ཚུལ་ཞབས་ཞུ་ཁང་ལ་ཁྱེད་རང་གི་སྐད་ཡིག་ཐོག་ནས་དངུལ་རྩིས་སྐོར་སློབ་སྟོན་ཞུས་ཆོག 


Share
Published 25 June 2021 6:20pm
Updated 25 June 2021 9:53pm
By Amy Chien-Yu Wang
Presented by Sangyal Dorjee


Share this with family and friends