ཏོག་དབྱིབས་ན་ཚ་ཤུགས་ཆེ་འཕར་བཞིན་ཡོད་ཀྱང་འཕྲོད་བསྟེན་བློན་ཆེན་ནས་སླར་ཡང་དམ་བསྒྲགས་བྱ་འཆར་མེད་སྐོར་བརྗོད་པ།

འདི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

NSW Police and Defence Force members on a compliance patrol at Campsie in Sydney, Thursday, August 19, 2021. NSW is racing to vaccinate as many people as quickly as it can as the daily COVID-19 case numbers spiral higher despite nearly eight weeks of lock

Queensland is encouraging older residents and immunosuppressed people to wear face masks until the end of August. (file) Source: AAP Image/Joel Carrett

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལིཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༣༥ ཙམ་འདས་གྲོངས་སུ་ཕྱིན་ཡོད་སྐོར་གསལ་འདུག་ལ། དེའི་ནང་ཁུན་སི་ལན་ཌི་ནང་མི་གྲངས་ ༡༣ དང་། ཝི་ཊོ་རི་ཡའི་ནང་མི་གྲངས་ ༩ ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༧ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེ་དང་། ཝི་ཊོ་རི་ཨ། ཁུན་སི་ལན་ཌི། ཏཱ་སི་མ་ནིང་ཨ། དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་བཅས་ལ་སྨན་ཁང་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེ་འཕར་ཡོད་འདུག

གཤམ་གྱི་དྲ་ཐག་འདི་ནས་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ཡོད་པའི་ནད་པའི་གྲངས་འབོར། གཞན་ཡང་ཏོག་དབྱིབས་ན་ཚའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་ལ་གཟིགས། 

 ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་མཱར་ཁེ་བྷུ་ཊར་ Mark Butler ལགས་ཀྱིས་ ABC གསར་ཁང་ལ་ད་ལྟའི་ཆར་ཏོག་དབྱིབས་ན་ཚ་འཕར་བཞིན་པའི་ཁྲོད་སླར་ཡང་ཁ་རས་གྱོན་དགོས་པ་དང་། དམ་བསྒྲགས། ཁྱིམ་སྡོད་བཀའ་རྒྱ་སོགས་བསྡམས་རྒྱུའི་འཆར་གཞི་མེད་སྐོར་གསུངས་འདུག 

སྐུ་ཞབས་བྷུ་ཊར་ལགས་ཀྱིས་ཨོ་སི་ཊོ་ལ་ཡའི་ཁྱོན་ཡོངས་སུ་ཁ་རས་གྱོན་དགོས་པ་དང་དམ་བསྒྲགས་བཀག་བསྡོམས་བྱས་པ་ལས། མི་མང་ཚོས་རང་འགན་རང་འཁུར་གྱིས་སོ་སོ་སྲུང་སྐྱོབ་ཆེད་ཁ་རས་གྱོན་པ་དང་། སྤྱི་ཚོགས་རྒྱང་བཀྱེད་སོགས་ལ་སོ་སོ་འགན་འཁུར་བདམ་ག་བྱེད་དགོས་སྐོར་གསུངས་འདུག

ཉེ་ཆར་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་དང་བདེ་དོན་ལྟེ་གནས་ཁང་ (AIHW) གིས་སྙན་ཐོ་བཏོན་གསལ་ལྟར་ན། ཉེ་བའི་ཆར་ཨོ་སི་ཊོ་ལི་ཡའི་མི་མང་ཁྱོན་ཡོངས་སུ་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་ཁྱབ་ཚད་སྔར་ལས་རྡབ་ ༡་༥ ཙམ་ཡར་འཕར་ཡོད་པའི་དོ་སྣང་བྱུང་ཡོད་སྐོར་བརྗོད་འདུག

ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་སློབ་ཕྲུག་དང་སློབ་གྲྭའི་ལས་བྱེད་རྣམས་ལ་ཏོག་དབྱིབས་སྟབས་བདེ་བརྟག་ཆས་  (RATs) ༡༥ རེར་རིན་མེད་དུ་སྤྲོད་འཆར་ཡོད་འདུག་པ་དང་། ད་དུང་ཆེད་སྦྱོང་སློབ་གྲྭའི་སློབ་ཕྲུག་དང་ལས་བྱེད་རྣམས་ལ་བརྟག་ཆས་ཡོ་བྱེད་དེ་ ༡༥ ཐོལ་པ་སྤྲད་རྒྱུ་ཡིན་འདུག

མངའ་སྡེའི་བློན་ཆེན་ ཌེ་ནལ་ཨན་ཌོར་ Daniel Andrews ལགས་ཀྱིས་སློབ་གྲྭ་དངོས་སུ་བསྐྱོད་མཁ་རྣམས་ཀྱི་ཆེད་ཁྱོན་ཏོག་དབྱིབས་སྟབས་བདེ་བརྟག་ཆས་དེ་ས་ཡ་ ༤༦་༤ བགོ་འགྲེམས་བྱ་འཆར་ཡོད་སྐོར་བརྗོད་འདུག

ཁུན་སི་ལན་ཌི་མངའ་སྡེ་གཞུང་གིས་མངའ་སྡེ་ནང་གནས་སྡོད་བྱེད་མཁན་མི་མང་ཚོས་ཕྱི་ཟླ་ ༨ པའི་ཟླ་མཇུག་བར་ཁ་རས་གྱོན་དགོས་པའི་འབོད་སྐུལ་བྱས་འདུག


 


གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།

རྒྱལ་ས་མངའ་ཁུལ།    ནིའུ་སའོ་ཐི་ཝལ་མངའ་སྡེ།    བྱང་ཁུལ་མངའ་སྡེ།   ཁུན་སི་ལན་ཌི།    ལྷོ་ཕྱོགས་མངའ་སྡེ།    ཏཱ་སི་མ་ནིང་ཨ།    ཝི་ཊོ་རི་ཨ།    ནུབ་ཕྱོགས་མངའ་སྡེ།   



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 

རྒྱལ་ས་མངའ་ཁུལ།་   ནིའུ་སའོ་ཐི་ཝལ་མངའ་སྡེ།    བྱང་ཁུལ་མངའ་སྡེ།   ཁུན་སི་ལན་ཌི།      ལྷོ་ཕྱོགས་མངའ་སྡེ།    ཏཱ་སི་མ་ནིང་ཨ།  ཝི་ཊོ་རི་ཨ།   ནུབ་ཕྱོགས་མངའ་སྡེ། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.     


Share
Published 8 July 2022 2:22pm
Updated 8 July 2022 2:44pm


Share this with family and friends