Feature

ཁྱེད་ཀྱི་སྐད་ཡིག་ཐོག་ནས་ཨོ་སི་ཊོ་ལི་ཡའི་ནང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ།

ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་སུ་ཞིག་དབྱིན་ཡིག་ལས་གཞན་པའི་སྐད་ཡིག་གཞན་ཤོད་མཁན་རྣམས་ལ་ཁྱེད་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་རོགས་རམ་རག་གི་ཡོད། ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ནང་གང་འདྲ་བྱེད་ནས་རག་གི་ཡོད་མེད་གཟིགས།

Coronavirus (COVID-19)

Source: Getty Images

ཨོ་སི་ཊོ་ལི་ཡའི་ནང་ས་གནས་གང་སར་ཁྱེད་ཀྱི་སྐད་ཡིག་ནང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཡོད་པ་དང་། དེ་དག་མང་ཆེ་བ་མངའ་སྡེ་དང་ས་ཁུལ་སོ་སོ་ནས་བཀོད་སྒྲིག་གནང་གི་ཡོད།

གནས་སྟངས་མང་པོ་ཞིག་གི་འོག་ནས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་དགོས་ངེས་ཤིག་ཆགས་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་འོག་སེམས་ངལ་དང་སེམས་ཁམས་དཀའ་ངལ་ཡོད་མཁན་མང་པོ་ཞིག་ཡོད་པ་རེད། སེམས་ཁམས་ན་ཚའི་ནང་སེམས་འཁྲུག་པ་དང་། སེལ་ངལ་སོགས་རིགས་སྣ་ཚོགས་ཤིག་ཡོང་གི་ཡོད།

འོན་ཀྱང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་སྡེ་ཚན་མང་ཆེ་བར་ཁོང་ཚོ་རང་ཉིད་ཀྱི་ཡིག་སྒྱུར་དང་སྐད་སྒྱུར་བ་མེད་སྟབས། ཁོང་ཚོས་ཨོ་སི་ཊོ་ལི་ཡ་གཞུང་གིས་མཐུན་རྐྱེན་སྦྱར་བའི་ཡིག་སྒྱུར་དང་སྐད་སྒྱུར་ TIS དྲ་ཚིགས་  འདི་ཡིན། དྲ་ཚིགས་དེའི་ཐོག་ནས་ཁ་པར་དང་དྲ་ཚིགས་ཐོག་ནས་སྐད་སྒྱུར་བྱེད་མཁན་སྐད་ཡིག་ ༡༥༠ ནང་ཡོད་པ་རེད། 

མནར་གཅོད་དང་རྨས་སྐྱོན་གསོན་གནས་ཆེད་ཨོ་སི་ཊོ་ལི་ཡའི་ཞབས་ཞུའི་གླེང་སྟེགས་ (FASSTT) ནི་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་གཞན་ནས་ཨོ་སི་ཊོ་ལི་ཡའི་ནང་འབྱོར་བའི་མནར་གཅོད་དང་རྨས་སྐྱོན་ཕོག་ནས་གསོན་གནས་ཡོད་མཁན་ཚོའི་ལྷན་དུ་ལས་ཀ་བྱེད་མཁན་ཨོ་སི་ཊོ་ལི་ཡའི་སླར་གསོ་ཆེད་མཁས་ངོ་ཚབ་བརྒྱད་ཡིན་ཞིང་། ཞབས་ཞུ་གླེང་སྟེགས་དེའི་རོགས་རམ་བྱེད་ས་མང་ཆེ་བ་ཨོ་སི་ཊོ་ལི་ཡར་འབྱོར་བའི་སྐྱབས་བཅོལ་བ་དང་། འགྲོ་བ་མིའི་བདེ་རྩའི་ཐོག་ནས་ཡོང་མཁན་ཚོ་ཡིན་ཞིང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་རེ་རེའི་ནང་གླེང་སྟེགས་དེའི་ངོ་ཚབ་ལས་ཁུངས་རེ་ཡོད། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས།  

ཨོ་སི་ཊོ་ལི་ཡའི་ནང་གཞུང་འབྲེལ་མ་ཡིན་པའི་སེམས་ཁམས་འཕྲོད་བསྟེན་རོགས་རམ་ཞབས་ཞུ་སྡེ་ཚན་ཁག་གི་འབྲེལ་གཏུགས།

  • Lifeline - 13 11 14
  • Mission Australia -
  • Beyond Blue - 1300 22 4636
  • Headspace -
  • Suicide Call Back Service - www.suicidecallbackservice.org.au 1300 659 467
  • ཕྲུ་གུར་རོགས་རམ་འབྲེལ་གཏུགས། Kids Helpline - 1800 55 1800
  • MensLine Australia - 1300 78 99 78

ནིའུ་སོ་ཐི་ཝལ།

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་རོགས་རམ་མི་ཚང་མར་རག་གི་ཡོད་ཅིང་། དེ་ཡང་ཉིན་གཅིག་ནང་ཆུ་ཚོད་ ༢༤ དང་བདུན་ཕྲག་གཅིག་ནང་ཉིན་བདུན་རིང་ཞབས་ཞུ་ཡོད་མུས་ཡིན། དེ་ཡང་འབྲེལ་གཏུགས་ཁ་པར་  1800 011 511དང་དྲ་ཚིགས་ཁ་བྱང་  རེད། 

རྒྱལ་ཡོངས་རང་བཞིན་གྱི་ཞབས་ཞུ་འདིས་རིག་གནས་དང་སྐད་བརྡའི་རྒྱབ་ལྗོངས་མི་འདྲ་བའི་མི་ལ་སེམས་ཁམས་བདེ་ཐང་གི་ཞབས་ཞུ་ཐོབ་རྒྱུར་སྐུལ་འདེད་དང་ །ནད་ཐོག་བློ་འདྲི་དང་དཔྱད་དཔོག་མཁོ་འདོན་དང་།སེམས་ཁམས་བདེ་ཐང་ལ་སྐུལ་འདེད། ཐོན་ཁུངས་གསར་སྤེལ་དང་འབྲེལ་སློབ་གསོ་དང་གསོ་སྦྱོང་བྱེད་ཀྱི་ཡོད། ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས། 

TC919 རྟགས་ཅན་གྱིས་སྐད་གཉིས་ཀྱི་ནད་ཐོག་སྨན་བཅོས་སྨན་པས་སེམས་ཁམས་བདེ་ཐང་ཞབས་ཞུ་དང་འབྲེལ་བ་ཡོད་པའི་མི་སྒེར་དང་ཁྱིམ་ཚང་ལ་རིན་མི་དགོས་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ས་གནས་དེ་གའི་སེམས་ཁམས་བདེ་ཐང་ཚོགས་ཆུང་གི་བརྒྱུད་སྦྱོར་ལ་བརྟེན་ན་གཞི་ནས་ཞབས་ཞུ་ཐོབ་ཐུབ། TIS ཡི་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱེད། / འོན་ཀྱང་ལས་བྱེད་ཚོས་སྐད་ཡིག་འདྲ་མིན་སྤྱོད་ཐུབ་ཀྱི་མེད།

གདུག་རྩུབ་ཆེ་བའི་ཁྲིམས་ཆད་དང་རྨས་སྐྱོན་ཕོག་པའི་སྟེས་དབང་ངང་གསོན་པའི་མི་སྨན་བཅོས་དང་དྲག་སྐྱེད་ཞབས་ཞུ་ལས་རིག་གནས་དང་འབྲེལ་བ་ཡོད་པའི་སེམས་ཁམས་སྨན་བཅོས་དང་རྒྱབ་སྐྱོར་མཁོ་འདོན་བྱས་པ་མ་ཟད། སྡེ་ཁུལ་གྱི་ཐེ་ཇུས་བྱ་ཐབས་སྤྱད་དེ་མི་རྣམས་དང་སྡེ་ཁུལ་གྱི་ཉམ་ཐག་མི་སེར་སེམས་ཁམས་་དྲག་སྐྱེད་ཡོང་རྒྱུར་རོགས་རམ་བྱས་ནས་ཁོང་ཚོའི་ཨོ་སི་ཊོ་ལི་ཡའི་འཚོ་བ་བསྐྱར་སྐྲུན་བྱེད་ཀྱི་ཡོད།། 

TIS ནས་སྐད་སྒྱུར་གོ་སྒྲིག་གནང་གི་ཡོད་ 

ཝི་ཊོ་རི་ཡ།

མནར་གཅོད་ལས་གསོན་གནས་ཆེད་ཐེབས་རྩ་ཞེས་པའི་ཚོགས་པ་དེས་སྐྱབས་བཅོལ་བ་དང་སྐྱབས་བཅོལ་གྱི་རྒྱབ་ལྗོངས་སྐད་ཡིག་དཔེར་ན་དབྱིན་ཇི་དང་། ཨ་རབ། བྷར་མ། ཧཱ་ཁཱ། རྒྱ་ནག དྷ་རེ། ཀཱ་རན། པཱ་ཤིན། སཱ་ཝ་ལི། ཏི་རེན་ཡཱ་ཡིན་པ་ཚོར་རིན་མེད་ཐོག་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས།  

གཞན་ཡང་ཁྱེད་རང་གི་ཚད་འཛིན་ཆ་རྐྱེན་ཞབས་ཞུ་ཐད་གནས་ཚུལ་འདི་ནས་གཟིགས། : 

TIS ནས་སྐད་སྒྱུར་གྱི་ཞབས་ཞུ་ཡོད་  འོན་ཀྱང་ལས་བྱེད་ཚོས་སྐད་ཡིག་ཁག་སྐོལ་སྤྱོད་བྱེད་ཀྱི་མེད།

ཝི་ཊོ་རི་ཡ་ཁུལ་དུ་ད་དུང་སྐད་རིགས་མི་འདྲ་བའི་བསམ་པའི་བདེ་ཐང་ཆ་འཕྲིན་དཀར་ཆག་ཅིག་ཡོད། འདི་ནི་ཝི་ཊོ་རི་ཡ་གཞུང་གི་གྲོས་གཞི་ཞིག་དང་། རིག་གནས་ལྟེ་གནས་དོ་དམ་དང་། རྒྱ་ཁྱབ་ཀྱི་(བདེ་ཐང ་) སྐད་སྒྱུར་གྱི་ཐབས་ལམ་སྟབས་བདེ་ཞིག་འདོན་སྤྲོད་བྱས་ཡོད། 

ཝི་ཊོ་རི་ཡའི་ཚོགས་པ་གཞན་གཉིས་ཀྱིས་སེམས་ཁམས་འཕྲོད་བསྟེན་སྐོར་སྦྱོང་བརྡར་སྤྲོད་བཞིན་ཡོད། འོན་ཀྱང་མི་སྒེར་ཁ་ཐུག་ཞབས་ཞུའི་རོགས་རམ་མེད།

ཁུན་སི་ལན་ཌི།

(QTMHC) ཞེས་ཁུན་སི་ལན་ཌི་རིག་གཞུང་འགྱུར་ལྡོག་སེམས་ཁམས་འཕྲོད་བསྟེན་ལྟེ་གནས་ཟེར་བ་ཞིག་ཡོད། 

ཆེད་མཁས་ཀྱི་ལྟེ་གནས་དེས་རིག་གཞུང་མ་འདྲ་བ་དང་སྐད་ཡིག་འདྲ་མིན་གྱི་རྒྱབ་ལྗོངས་ཅན་རྣམས་ལ་རིག་གཞུང་དང་མཐུན་པའི་སེམས་ཁམས་འཕྲོད་བསྟེན་སྐོར་ལྟ་སྐྱོང་དང་རྒྱབ་སྐྱོར་གནང་གི་ཡོད། 

ཡིག་སྒྱུར་བྱས་པའི་གནས་ཚུལ་ཁག་དྲ་ཐག་འདི་ནས་གཟིགས།  དེ་བཞིན་ཆེད་མཁས་ས་གནས་སེམས་ཁམས་འཕྲོད་བསྟེན་འབྲེལ་མཐུད་ཀྱང་ཡོད་པ་ཡིན། 

ཁུན་སི་ལན་ཌི་སེམས་གཅོང་དང་མནར་གཅོད་མྱངས་མྱོང་མཁན་རོགས་རམ་ལས་འཆར། (QPASTT)

QPASTT ཚོགས་པ་དེས་ཨོ་སི་ཊོ་ལི་ཡར་སྐྱབས་བཅོལ་དུ་འབྱོར་བའི་མནར་གཅོད་དང་སེམས་གཅོང་གི་དཀའ་ངལ་འཕྲད་མཁན་རིགས་ལ་ཚོར་བ་སྐྱེན་པའི་རིག་གཞུང་ཐོག་ནས་བདེ་སྡུག་དང་སེམས་ཁམས་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་གནང་གི་ཡོད། ཁོང་ཚོས་རིན་མེད་ཐོག་ནས་སེམས་ཁམས་རིག་པ་བ་དང་། སྤྱི་ཚོགས་འཚོ་གནས་ཐད་ཞབས་ཞུ་རོགས་རམ་གནང་གི་ཡོད། ཞིབ་ཕྲ་དྲ་ཚིགས་འདི་ནས་གཟིགས།  

ཨོ་སི་ཊོ་ལི་ཡ་བྱང་ཁུལ།


MHACA (དབུས་ཨོ་སི་ཊོ་ལི་ཡ།)

MHACA ཞེས་པའི་ཞབས་ཞུ་དེས་ལོ་ན་ ༡༨ ཡན་གྱི་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་རིགས་ལ་ཞབས་ཞུ་རོགས་རམ་གནང་གི་ཡོད། སྐད་སྒྱུར་གྱི་ཞབས་ཞུ་ཡོད་དེ་ཡང་དུས་ཚོད་བཟོ་དགོས་ཀྱི་ཡོད་ཅིང་། ལས་བྱེད་ནང་རྒྱ་སྐད་དང་། ཨུར་དུ། ཨི་རི་ཤི། ཧིན་དྷི་སྐད་བཅས་ཤེས་མཁན་ཡོད། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས།  

འཕྲོད་བསྟེན་ཚན་ཁག (Darwin) འཕྲོད་བསྟེན་ཚན་ཁག་དེས་ཨོ་སི་ཊོ་ལི་ཡ་བྱང་ཁུལ་གྱི་ས་གནས་མི་མང་སེམས་ཁམས་དཀའ་ངལ་ཡོད་མཁན་རིགས་ལ་རོགས་རམ་གནང་གི་ཡོད་ཅིང་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས།    དེ་བཞིན་TIS ཞེས་ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ནས་སྐད་སྒྱུར་བའི་མཐུན་རྐྱེན་ཡང་རག་གི་ཡོད། དྲ་ཚིགས་ཐོག་ནས་རང་འགུལ་སྐད་ཡིག་ཁག་ ༨༠ ཙམ་གྱི་ནང་ཡིག་སྒྱུར་བྱེད་པའི་ཆ་རྐྱེན་ཡོད། 

Melaleuca སྐྱབས་བཅོལ་ལྟེ་གནས།

ཚོགས་པ་དེ་ནི་ཁེ་མེད་ཀྱི་ཚོགས་པ་ཞིག་ཡིན་ཞིང་། དེས་གཞིས་སྤོས་དང་སྐྱབས་བཅོལ་བའི་རྒྱབ་ལྗོངས་ལྡན་པའི་མི་རྣམས་ལ་རོགས་རམ་གནང་གི་ཡོད། ཁོང་ཚོས་ནང་མི་དང་། དར་མ། བྱིས་པ། གཞོན་ནུ་བཅས་ལ་རིན་མེད་ཐོག་ཞབས་ཞུ་རོགས་རམ་གནང་གི་ཡོད།  

ཨོ་སི་ཊོ་ལི་ཡ་ནུབ་ཁུལ།

མནར་གཅོད་ཕོག་མཁན་དང་སེམས་གཅོང་ཞབས་ཞུ་ཚོགས་པ། (ASeTTS)

ASeTTS ཞེས་པའི་ཚོགས་པ་དེས་སྐྱབས་བཅོལ་བ་དང་མནར་གཅོད་ཕོག་མྱོངས་མཁན་དང་སེམས་གཅོང་ཅན་རྣམས་ཀྱི་མི་ཚེའི་འཚོ་བ་བསྐྱར་དུ་འགོ་འཛུགས་ཆེད་དུ་རོགས་རམ་གནང་གི་ཡོད་ཅིང་། དེ་ཡང་ཨ་རབ་བྷི་དང་དན་ཁ། ཀ་རན། ཁེ་རུ་རྡེ་སྐད་ཡིག་བཅས་ཀྱི་ནང་ཞབས་ཞུ་ཡོད་པ་ཡིན། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས།   

ཨོ་སི་ཊོ་ལི་ཡ་ནུབ་ཁུལ་རིག་གཞུང་འགྱུར་ལྡོག་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ། 

ཞབས་ཞུ་ཁང་དེས་ Royal Perth སྨན་ཁང་གཅིག་པུའི་ནང་དང་སྡེ་ཚན་ཁག་གསུམ་གྱི་སྨན་ཁང་ནས་ཐོན་མཁན་རིགས་ལ་རོགས་རམ་ཞབས་ཞུ་སྒྲུབ་ཀྱི་ཡོད། དངོས་སུ་ཐུག་པ་དང་ཡང་ནང་ཁ་པར་ཐོག་ནས་སྐད་སྒྱུར་གྱི་ཞབས་ཞུ་ཡོད་པ་ཡིན། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས།   

ཏཱ་སི་མ་ནི་ཡ།


ཕུལ་བྱུང་ལྟེ་གནས། Phoenix Centre

ཕུལ་བྱུང་ལྟེ་གནས་ཟེར་བའི་ཚོགས་པ་དེས་མངའ་སྡེའི་ནང་གཞིས་སྤོས་ཀྱི་ལྟེ་གནས་ཁག་ཏུ་མནར་གཅོད་མྱངས་མྱོངས་ཡོད་མཁན་དང་སེམས་གཅོང་ཅན་རྣམས་ལ་ཆེད་མཁས་མི་སྣས་ཞབས་ཞུ་རོགས་རམ་གནང་གི་ཡོད།  ཚོགས་པ་དེས་གཞི་རྒྱ་ཆེ་བའི་སྦྱོང་བརྡར་དང་ལས་འཆར་འདྲ་མིན་འོག་འཕྲོད་བསྟེན་དང་བདེ་སྡུག་ཐད་མི་སྒེར་དང་ཚོགས་པ་ཁག་ལ་རོགས་རམ་གནང་གི་ཡོད། ལྟེ་གནས་ཁང་དང་། ཏཱ་སི་མ་ནི་ཡའི་རྒྱལ་ས་ Hobart ཏཱ་སི་མ་ནི་ཡའི་རྒྱུག་ཆུ་འགྲམ་གྱི་གྲོང་ཁྱེར་ Launceston དེ་བཞིན་མངའ་སྡེའི་ནང་ས་གནས་གང་སར་ཞབས་ཞུ་ཁང་ཡོད་པ་ཡིན།

ཏཱ་སི་མ་ནི་ཡང་གཞུང་གིས་ནང་ལ་གནས་སྡོད་ནད་པ་མ་ཡིན་པ་དང་དེ་བཞིན་ཚོགས་སྡེ་ཁག་ལ་སེམས་ཁམས་འཕྲོད་བསྟེན་ཐད་ལྟ་སྐྱོང་ཞབས་ཞུ་གནང་གི་ཡོད་པ་དང་། དེ་བཞིན་གཞུང་དང་ཁ་ཐུག་འབྲེལ་བ་ཡོད་པའམ་དེ་མིན་གཞན་ལའང་སེམས་ཁམས་འཕྲོད་བསྟེན་རོགས་རམ་གནང་མཁན་ཆེད་མཁས་མི་སྣ་དང་སྨན་པ་སོགས་ཀྱི་མཐུན་རྐྱེན་ཡོད། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས།   དཔྱད་ཞིབ་དང་ཁུངས་གཏུགས་ཆེད་ཁ་པར་ཨང་གྲངས་1800 332 388 འདི་ནས་འབྲེལ་བ་གནང་དགོས།

ཨོ་སི་ཊོ་ལི་ཡ་རྒྱལ་ས་མངའ་ཁུལ།


རོགས་ཟླ། ཁང་མནར་གཅོད་མྱོངས་མཁན་དང་སེམས་གཅོང་ཅན་རོགས་རམ་ཞབས་ཞུ། 

ཚོགས་པ་དེའི་ལས་བྱེད་ཚོས་བྲོས་བྱོལ་བ་དང་སྐྱབས་བཅོལ་བ་རྣམས་ལ་སློབ་སྟོན་གྱི་རོགས་རམ་གནང་གི་ཡོད་ཅིང་། ཚོགས་པ་དེའི་དམིགས་ཡུལ་ནི་བྲོས་བྱོལ་དང་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ཨོ་སི་ཊོ་ལི་ཡའི་ནང་མི་ཚེའི་འཚོ་བ་གསར་པ་ཞིག་སྐྱེལ་ཐབས་དང་། འདས་པའི་དཀའ་སྡུག་གི་སེམས་གཅོང་དང་འཚོ་བ་དཀའ་ཁག་གི་སེམས་གཅོང་འོག་ནས་མི་ཚེ་་བཀོད་སྒྲིག་རོགས་རམ་གནང་རྒྱུ་དེ་ཡིན་འདུག སློབ་སྟོན་ཁང་དེས་གསར་དུ་འབྱོར་མཁན་དང་དེ་བཞིན་དུས་ཡུན་རིང་པོ་ནས་གཞིས་ཆགས་ཚར་མཁན་དར་མ་དང་། བྱིས་པ། ན་གཞོན་བཅས་ལ་ཆེད་ལས་མཁས་པའི་ཐོག་ནས་ལམ་སྟོན་རོགས་རམ་གནང་གི་ཡོད། 

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་གཞུང་གིས་སེམས་ཁམས་འཕྲོད་བསྟེན་ཐད་ཛ་དྲག་ཞབས་ཞུ་འབྲེལ་གཏུགས་དེ་བཞིན་ཁ་པར་ཨང་གྲངས་ཐོག་ནས་གནང་ན་ 1800 629 354 or 02 6205 1065 དང་ཡང་ན་དྲ་ཚིགས་ཐོག་ནས་  འབྲེལ་བ་གནང་དགོས།

ཨོ་སི་ཊོ་ལི་ཡ་ལྷོ་ཁུལ།


ཨོ་སི་ཊོ་ལི་ཡ་འབྲེལ་ལམ། Relationships Australia

སྒེར་གྱི་སློབ་གསོ་དང་སྤྱི་ཚོགས་ནུས་སྤེལ་ (PEACE) ཞེས་པའི་ཞབས་ཞུ་དེས་གཙོ་བོ་རིག་གཞུང་སྣ་ཚོགས་ཀྱི་ཚོགས་སྡེ་དང་། ཡུལ་སྲོལ་སྐད་ཡིག་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་མི་རྣམས་ལ་རོགས་རམ་གནང་རྒྱུ་དེ་ཡིན་པས། མཐོང་ཆེན་གྱི་གནས་སྟངས་གང་ཡིན་མིན་ལ་མ་བལྟོས་པར། མི་སྒེར་དང་ནང་མི་དེ་བཞིན་ཚོགས་སྡེ་ཁག་ལ་ཞི་བདེའི་སློབ་གསོ་ལམ་སྟོན་སོགས་ཀྱི་རོགས་རམ་གནང་གི་ཡོད་འདུག ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས།  


མནར་གཅོད་ཕོག་མཁན་དང་སེམས་གཅོང་ཞབས་ཞུ་དང་བསྐྱར་གསོ་ཞབས་ཞུ། STTARS

STTARS ཚོགས་པ་དེས་སྐྱབས་བཅོལ་བ་དང་སྐྱབས་བཅོལ་གྱི་རྒྱབ་ལྗོངས་ལྡན་པའི་མི་རྣམས་ལ་ཆེད་ལས་རང་བཞིན་གྱིས་སེམས་ཁམས་འཕྲོད་བསྟེན་སོགས་ལ་རོགས་རམ་གནང་ནས། ཁོང་ཚོའི་བདེ་ཐང་སླར་གསོ་ཡོང་ཐབས་གནང་གི་ཡོད།  ཞབས་ཞུ་དེ་རིན་མེད་ཡིན་པས་མ་ཚད་མི་དེ་ཨོ་སི་ཊོ་ལི་ཡའི་ནང་སླེབས་ནས་དུས་ཡུན་རིང་ཐུང་ག་ཚོད་ཕྱིན་ཡོད་མེད་ལ་ཁྱད་པར་མེད། ཞབས་ཞུ་དེ་རག་པར་སྒུག་ཐོ་བརྒྱུད་དགོས་ཀྱི་ཡོད། འོན་ཀྱང་གལ་གནད་ཆེ་ཆུང་ལའང་གཟིགས་ཀྱི་ཡོད་པ་རེད།  ཞབས་ཞུ་དེ་རིན་མེད་དང་དང་བླངས། གདེང་ཚོད་ཅན། ཚད་ལྡན་གྱི་སློབ་སྟོན་པ་དང་སྐད་སྒྱུར་བ་ཡོད།

གཞན་ཡང་ཁོང་ཚོར་བྱིས་པ་དང་། ན་གཞོན། ནང་མི། སྐྱབས་བཅོལ་ཞུ་མཁན་བཅས་ཀྱི་ཆེད་དུ་ཆེད་ལས་མི་སྣའི་ལས་འཆར་ཞིག་ཀྱང་ཡོད། ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས། 

ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ཀྱིས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་ས་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། 

ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས་ COVIDSafe དེ་ཁྱེད་ཀྱི་ཁ་པར་ཐོག་ཕབ་ལེན་བྱེད་ཆོག 

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་  ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།


Share
Published 6 June 2020 6:17pm
Updated 15 July 2021 10:37pm
By SBS/ALC Content
Source: SBS


Share this with family and friends