ཨོ་སི་ཊོ་ལི་ཡའི་ནང་ཡེ་ཤུ་བསྐྱར་གསོའི་དུས་ཆེན་ལ་རོལ་སྟངས།

9189-AusExpl_Social_1080x1350_LongLeftAligned_Orange.png

Get the SBS Audio app

Other ways to listen

སྟོན་པ་ཡེ་ཤུ་འདས་ལོག་དང་བསྐྱར་གསོན་ཡང་ན་ཡེ་ཤུའི་ཆོས་ལུགས་བསྐྱར་གསོའི་དུས་ཆེན་ Easter ནི་ཡེ་ཤུ་ཆོས་ལུགས་ཀྱི་ལོ་ཐོ་གཞིར་བཟུང་གུང་སེང་དུས་ཆེན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། མ་ཚད་ཆོས་ལུགས་གང་ཡིན་ལ་མ་བལྟོས་པར་དུས་ཆེན་དེར་ཨོ་སི་ཊོ་ལི་ཡའི་མི་མང་ཆེ་བ་ཞིག་གཟའ་འཇུག་དུས་ཡུན་རིང་པོའི་གུང་སེང་ལ་རོལ་གྱི་ཡོད་པ་དང་། སྐབས་དེར་ཁང་པའི་ཕྱི་རོལ་དུ་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་མི་མང་འདུ་འཛོམས་སོགས་ཀྱིས་དགའ་སྟོན་ལ་རོལ་བཞིན་ཡོད།


དུས་ཚོད་དེར་སློབ་གྲྭ་ཁག་ཀྱང་གུང་སེང་བཏང་ནས་ཕྲུ་གུ་རྣམས་སྲོལ་རྒྱུན་གྱི་རིག་གཞུང་དང་དུས་སྟོན་དེར་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་རག་གི་ཡོད།

ཨོ་སི་ཊོ་ལི་ཡའི་མི་ཚོས་ཡེ་ཤུ་བསྐྱར་གསོ་དུས་ཆེན་གླེང་སྐབས་གཟའ་ཉི་མ་ཙམ་མ་ཡིན་པར་ད་དུང་དུས་ཡུན་ཉིན་གྲངས་མང་པོའི་རིང་དུས་སྟོན་ལ་རོལ་ཡོད། 

ཆོས་དད་མེད་མཁན་གྱི་གང་ཟག་དང་ཆོས་ལུགས་གྲུབ་མཐའ་གཞན་དག་གི་རྗེས་སུ་འབྲངས་མཁན་ཚོར་མཚོན་ནའང་ Easter དུས་ཆེན་གྱི་གཟའ་མཇུག་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། དཔེར་ན་གཟའ་པ་སངས་བཟང་པོ་དང་། ཡེ་ཤུའི་བསྐྱར་གསོ་དུས་ཆེན་གྱི་གཟའ་ཉི་མ། བསྐྱར་གསོ་དུས་ཆེན་གྱི་གཟའ་ཟླ་བ་བཅས་ཚང་མ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གུང་སེང་ཆགས་ཀྱི་ཡོད། ལྷག་པར་དུ་ཡེ་ཤུ་བསྐྱར་གསོ་དུས་ཆེན་གྱི་གཟའ་ཉི་མ་ནི་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཏཱ་སི་མ་ནིང་ཨ་དང་། ནུབ་ཕྱོགས་ས་ཁུལ་ཕུད་གཞན་མངའ་སྡེ་དང་ས་ཁུལ་ཚང་མའི་ནང་སྤྱི་དམངས་གུང་སེང་བཞག་གི་ཡོད། 

ལི་སཱ་བྷ་ཁར་ Lisa Baker ལགས་ནི་མེལ་བྷོན་གཙུག་ལག་སློབ་གཉེར་ཁང་གི་བྱིས་པ་ཆུང་དུས་སྐབས་ཀྱི་ཤེས་ཡོན་སྐོར་ཞིབ་འཇུག་པ་ཞིག་རེད། ཁོ་མོས་ Easter དུས་ཆེན་དེ་ནི་ཆོས་ལུགས་ཀྱི་ངོ་བོ་ཁོ་ན་ཙམ་མ་ཡིན་པར། དུས་ཆེན་དེ་ནི་ཨོ་སི་ཊོ་ལི་ཡའི་མི་རྣམས་ནང་མི་མཉམ་འཛོམས་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་དུས་ཚོད་ཅིག་ཀྱང་ཆགས་ཀྱི་ཡོད་སྐོར་གསུངས་འདུག མ་ཚད་ཕྲུ་གུ་རྣམས་ལ་མཚོན་ནའང་རྩེད་མོ་རྩེ་བ་དང་ཁང་པའི་ཕྱི་རོལ་གྱི་བྱེད་སྒོ་ལ་ཞུགས་པ། དམིགས་བསལ་དུས་ཚོད་འདིར་གནམ་གཤིས་ཀྱང་ཅུང་ཡག་པའི་སྐབས་ཤིག་དང་འཁེལ་གྱི་ཡོད་སྐོར་བརྗོད་འདུག  

ནང་མི་དང་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་སྤྱི་གླིང་དང་མེ་ཏོག་ལྡུམ་ར་སོགས་ཀྱི་ནང་ Easter སྒོ་ང་དང་རྩེད་མོ་རྩེ་བ་ནི་ Easter གཟའ་ཉི་མའི་རྩེད་མོ་གལ་ཆེ་ཤོས་ཤིག་ཆགས་ཡོད། རྩེད་མོ་མཉམ་ཞུགས་བྱེད་མཁན་ཚོས་ཅོག་ལེབ་དང་བྱི་རིལ་གྱིས་བཟོས་པའི་ཚོན་ལྡན་སྒོ་ང་དང་། ཡང་སྒོ་ང་ངོ་མ་དེ་འདྲ་འཚོལ་ནས་རྩེད་མོ་རྩེ་བཞིན་ཡོད།

བསྐྱར་གསོ་དུས་ཆེན་གྱི་སྒོ་ང་ནི་བསྐྱར་གསོ་དུས་ཆེན་གྱི་རི་བོང་གིས་འཁྱེར་ནས་ཡོང་བ་དང་སྦས་སྐུང་བྱས་པ་ཞིག་ཡིན་སྐོར་ཕྲུ་གུ་ཚོར་ངག་རྒྱུན་སྒྲུང་དེ་འདྲ་ཤོད་སྲོལ་ཡོད། 

འོན་ཀྱང་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་གིས་སྲོལ་རྒྱུན་གྱི་རིག་གཞུང་འདི་སྲུང་བརྩི་བྱེད་པ་དང་ཆབས་ཅིག རི་བོང་གི་གཟུགས་བརྙན་དེ་འདྲས་རང་བྱུང་འཚོ་གནས་བྱེད་མཁན་གྱི་སེམས་ཅན་གྱི་ཚབ་བྱེད་ནས་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་སྐོར་ལྕམ་བྷ་ཁར་ Ms Baker ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡ་ནི་རིག་གནས་སྣ་མང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཨོ་སི་ཊོ་ལ་ཡས་ཡེ་ཤུ་བསྐྱར་གསོ་དུས་ཆེན་ Easter གཙོས་པའི་རིག་གནས་སྣ་ཚོགས་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱ་རྒྱུར་གལ་ཆེན་བརྩི་བཞིན་ཡོད།

 ལྕམ་བྷ་ཁར་ལགས་ཀྱིས་དུས་ཆེན་དེའི་སྐབས་སློབ་གྲྭ་ཁག་གི་ནང་ཡེ་ཤུའི་ཆོས་ལུགས་གྲུབ་མཐའ་ཁཱ་ཐོ་ལི་ཁི་དང་ཨོར་ཐོ་ཌོ་སི་གཉིས་ཀ་དང་ད་དུང་ཆོས་ལུགས་དང་འབྲེལ་བ་མེད་པའི་རིག་གནས་ཁག་ཀྱང་མཉམ་ཞུགས་སྲུང་བརྩི་བྱེད་ཀྱི་ཡོད་སྐོར་གསུངས་འདུག

 ལྕམ་ཁོ་རེ་ Corrie ལགས་ཀྱིས་མི་མང་པོ་ཞིག་ལ་མཚོན་ནས་བཤད་ན། ཡི་ཤུ་བསྐྱར་གསོན་དུས་ཆེན་ནི་མི་རྣམས་ལྷན་འཛོམས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། ཁོ་མོའི་ཁྱིམ་མི་ཚོར་མཚོན་ན་ཁོ་མོ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་ནང་མི་རྣམས་ཁ་ལག་མཉམ་དུ་བཟའ་བ་སོགས་མཉམ་འཛོམས་ཀྱི་གོ་སྐབས་ཡག་པོ་ཞིག་ཡིན་སྐོར་གསུངས་འདུག 

Easter དུས་ཆེན་གྱི་གུང་སེང་སྐབས་ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་ལས་ཀ་སྐྱུར་ནས་འགྲུལ་བཞུད་སྤྲོ་འཆམ་ལ་འགྲོ་བ་དང་། ཕྱི་རོལ་དུ་དུས་ཆེན་བྱེད་སྒོ་དེ་འདྲ་ཞུགས་ཀྱི་ཡོད་སྐོར་གསུངས་འདུག

སིཌ་ནིང་ཁུལ་དུ་གནས་སྡོད་བྱེད་མཁན་མང་པོ་ཞིག་དང་འདྲ་བ་ལྕམ་ཁོ་རེ་ Ms Corrie ནང་མི་ཚོ་ཡང་དེ་སྔོན་ Easter ལྟད་མོ་དེ་འདྲ་བལྟ་བར་འགྲོ་བ་ཕྱི་དྲན་བྱས་འདུག

 Easter གུང་སེང་གི་བདུན་ཕྲག་གཉིས་ཙམ་གྱི་རིང་ལ་ཨོ་སི་ཊོ་ལི་ཡའི་ནང་བྱེད་སྒོ་ཆེ་ཤོས་དེ་འདྲའི་ནང་ཁྱོན་མི་གྲངས་འབུམ་ ༨ ཙམ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

Share