གྷ་རྫ་ཁུལ་གྱི་བྱིས་པ་མང་པོ་ལྟོགས་ཤིག་ཐེབས་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

14.000 children's shoes exhibition in Utrecht

པར་རིས་འདི་ནི་གྷ་རྫ་ནང་བསད་པའི་པཱ་ལི་སི་ཐན་གྱི་བྱིས་པ་ ༡༤༠༠༠ ཡི་ལྷམ་གྱི་མཚོན་དོན་ཡིན། (Photo by Nikos Oikonomou/Anadolu via Getty Images) Source: Anadolu / Anadolu/Anadolu via Getty Images

Get the SBS Audio app

Other ways to listen

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་གྷ་རྫ་ནང་ལྷག་པའི་ཕྲུ་གུ་རྣམས་ད་ཆ་ལྟོག་ཤི་ཐེབས་ཀྱི་ཡོད་པས། ཟས་གོས་རོགས་སྐྱོར་དགོས་རྒྱུར་ཛ་དྲག་ཆགས་ཀྱི་ཡོད་སྐོར་ཉེན་བརྡ་བཏང་འདུག


དེ་བཞིན་ཨ་རིའི་མཐོ་རིམ་ཆབ་སྲིད་མི་སྣ་དང་དབྱི་ཟི་རལ་ལ་ངོ་རྒོལ་བྱེད་མཁན་ཚོས། དབྱིན་ཟི་རལ་གྱི་སྲིད་བློན་བྷན་ཇམ་མིན་ Benjamin Netanyahu ཡིས་གྷ་ཛ་ཡི་ལྷོ་ཕྱོགས་སུ་གནས་པའི་པཱ་ལི་སི་ཐན་གྱི་གྲོང་ཁྱེར་རཱ་ཧྥ་ Rafah ལ་ས་ཐོག་ཏུ་རྒོལ་རྡུང་གཏོང་འཆར་ཡོད་པ་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།

 གྷ་རྫ་ནང་དམག་འཁྲུག་གིས་རྐྱེན་པའི་གྲོང་ཁྱེར་དེའི་ནང་ལྷག་ལུས་སུ་ཡོད་པའི་ཕྲུ་གུ་རྣམས་ལ་ཟས་དང་འཚོ་བཅུད་ཡག་པོ་ཞིག་རག་གི་མེད་པའི་རྐྱེན་གྱིས་ད་ཆ་ཕྲུ་གུ་རྣམས་ངུ་བ་ལ་ཡང་ནུས་ཤུགས་མེད་པའི་མཚམས་སུ་སླེབས་ཡོད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་འགན་འཛིན་གྱིས་འགྲེལ་བརྗོད་གནང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་ UNICEF ཡི་འགན་འཛིན་ལྕམ་ཁ་ཐེ་རེན་རུ་སལ་ Catherine Russell ལགས་ཀྱིས་དབྱི་ཟི་རལ་གྱིས་གྷ་རྫ་ནང་དཔུང་འཇུགས་ཀྱིས་འདས་པའི་ཟླ་བ་དྲུག་གི་ནང་ཁྱོན་པཱ་ལི་སི་ཐན་གྱི་ཕྲུ་གུ་ ༡༣༠༠༠ ལས་བརྒལ་བ་ཤི་རྨས་བྱུང་ཡོད་སྐོར་ CBS གསར་འགོད་པར་འགྲེལ་བརྗོད་གནང་འདུག

ཁོ་མོས་ཕྲུ་གུའི་གྲངས་འབོར་དེ་འདྲ་མང་པོ་ཞིག་ཤི་རྨས་བྱུང་བ་ང་ཚོས་འཛམ་གླིང་གི་འཁྲུག་འཛིང་གཞན་དག་ནང་ཕལ་ཆེར་མཐོང་རྒྱུ་མེད། དེ་ནི་ཧང་སང་དགོས་པའི་གནས་ཚུལ་ཞིག་རེད། ད་དུང་ཕྲུ་གུ་སྟོང་ཕྲག་མང་པོ་ཞིག་རྨས་སྐྱོན་ཕོག་ཡོད་པས་ཁོང་ཚོ་ག་པར་ཡོད་མེད་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་ང་ཚོས་མཐོང་གི་མེད། ཕ་ཆེར་ཁོང་ཚོ་དམག་འཁྲུག་གི་མེ་མདའི་འོག་ཏུ་ལྷག་ཡོད་སྲིད། ཕྲུ་གུ་སྟོང་ཕྲག་མང་པོ་ཞིག་གི་ཕ་མ་གཅིག་དང་ཡང་ན་ཕ་མ་གཉིས་ཀ་མེད་པ་ཆགས་ཡོད། ཁྱེད་ཚོས་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚོའི་ནང་མཐོང་གི་ཡོད་རེད། ཕྲུ་གུ་ཁ་ཤས་ཀྱིས་ཁོང་ཚོ་སོ་སོའི་སྤུན་མཆེད་ཕྲུ་གུ་ཆུང་ཆུང་དེ་ཚོ་ལྟ་སྐྱོང་བྱེད་བཞིན་ཡོད་པ་མཐོང་ཐུབ། གནས་སྟངས་དེ་ཚོ་ཧ་ཅང་ཡ་ང་བ་ཞིག་རེད་ཅེས་གསུངས་འདུག

གྷ་རྫ་བྱང་ཕྱོགས་ཁུལ་དུ་ལོ་ན་ ༢ མན་གྱི་ཕྲུ་གུ་གསུམ་རེའི་ནང་ཕྲུ་གུ་རེ་ད་ཆ་ཟས་ཀྱི་འཚོ་བཅུད་མ་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ལྕམ་རུ་སལ་ལགས་ཀྱིས་ཕྲུ་གུ་དེ་ཚོ་སྲོག་ཉེན་ལས་ཐར་ནས་གསོན་པོ་བསྡད་རུང་ད་ལྟའི་འཚོ་བཅུད་མ་འདང་བའི་གནས་སྟངས་དེ་མ་འོངས་པར་ཁོང་ཚོའི་མི་ཚེ་ཆ་ཚང་གཟུགས་པོ་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་སྲིད་སྐོར་འགྲེལ་བརྗོད་གནང་འདུག 

ང་རང་ཕྲུ་གུ་འཚོ་བཅུད་མ་འདང་བའི་དཀའ་ངལ་འཕྲད་བཞིན་པ་དེ་འདྲར་ཉམས་མྱོངས་ཡོད། ཕྲུ་གུ་ཆུང་ཆུང་སྐབས་འཚོ་བཅུད་མ་འདང་ཚེ་ཁོང་ཚོའི་མི་ཚེ་ཆ་ཚང་དཀའ་ངལ་འཕྲད་ཀྱི་འདུག ཕྲུ་གུ་དང་བྱིས་པ་དམར་འབྱར་དེ་འདྲ་འཚོ་བཅུད་མ་འདང་བའི་རྐྱེན་གྱིས་ཐ་ན་ཁོང་ཚོ་ངུ་བ་ལ་ཡང་ནུས་ཤུགས་ཡོད་མ་རེད་ཅེས་གསུངས་འདུག

ལྕམ་རུ་སལ་ལགས་ཀྱིས་རྒྱལ་སྤྱི་དང་རྒྱལ་ཁབ་གཞན་གྱིས་བཏང་བའི་གྷ་རྫར་ཟས་གོས་རོགས་སྐྱོར་དེ་ཚོ་དབྱི་ཟི་རལ་གྱི་དཔོན་ངན་དེ་ཚོས་བཀག་འགོག་བྱེད་བཞིན་ཡོད་པའི་སེམས་ཁྲལ་དང་སྐྱོན་བརྗོད་བྱས་འདུག ད་ཆ་དབྱི་ཟི་རལ་གཞུང་ལ་གྷ་རྫ་ཁུལ་གྱི་མི་མང་དེ་ཚོ་ལྟོག་སྐོམ་གྱིས་འཆི་སྐྱོན་མཚམས་འཇོག་ཡོང་བ་བྱེད་དགོས་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
 
ཟླ་བ་འདིའི་ཟླ་འགོར་སྟེ་ཕྱི་ཟླ་ ༣ ཚེས་ ༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་ཚོགས་ཆུང་ཞིག་གིས་དབྱི་ཟི་རལ་གྱིས་པཱ་ལི་སི་ཐན་མི་མང་རྣམས་བསམ་བཞིན་དུ་ལྟོག་ཤི་ཐེབས་བཅུག་གི་ཡོད་སྐོར་དང་། འགྲོ་བ་མིའི་སྙིང་རྗེ་རོགས་སྐྱོར་དང་སྤྱི་དམངས་རོགས་སྐྱོ་ཁག་ཆེད་དུ་བཀག་བཞིན་ཡོད་པའི་སྐྱོན་འཛུགས་བྱས་འདུག ཡིན་ན་ཡང་དབྱི་ཟི་རལ་གྱིས་སྐྱོན་འཛུགས་དེ་དག་ངོས་ལེན་བྱས་མེད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་ UNICEF ཡིས་འགྲེལ་བརྗོད་ལྟར་ན། ད་ཆ་གྷ་རྫ་ཁུལ་དུ་མི་ ༡༠ རེའི་ཡང་མི་ ༩ ལ་འཚོ་གནས་བྱེད་པའི་ཟ་མ་འདང་ངེས་མེད་པ་དང་། ཁྱིམ་ཚང་བརྒྱ་ཆ་ ༨༡ ཙམ་ལ་འཐུང་ཆུ་གཙང་མ་རག་གི་མེད་པའི་གནས་སྟངས་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག 

ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཨུ་སུ་ལཱ་ལེ་ཡན་ Ursula von der Leyen ལགས་ཀྱིས་གྷ་རྫ་ནང་གི་མུ་གེ་དེ་ཡོ་རོབ་ཀྱི་ངོས་ནས་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་སྐོར་ཁོ་མོ་དེ་སྔོན་ཨི་ཇིབ་ Egypt ཀྱི་སྲིད་འཛིན་ཨ་བྷེལ་ཧྥ་ཐཱ་ཨལ་ཨེ་སི་ཨེ་སི་ Abdel Fattah Al-Sisi དང་གླེང་མོལ་སྐོར་འགྲེལ་བརྗོད་གནང་འདུག

ཨོི་ཇིབ་དང་ཡོ་རོབ་མཐུན་ཚོགས་གཉིས་ཀ་ནས་དབྱི་ཟི་རལ་གྱིས་པཱ་ལི་སི་ཐན་གྱི་གྲོང་ཁྱེར་རཱ་ཧྥ་ Rafah བཙན་འཛུལ་བྱ་རྒྱུར་མོས་མཐུན་བྱེད་བཞིན་མེད་པ་རེད། 

གྷ་རྫ་ནང་གི་དམག་འཁྲུག་དང་མི་ཆོས་རིང་ལུགས་ཀྱི་གནས་བབས་ཐད་བློ་འཚབ་ཧ་ཅང་ཆེན་པོ་ཡོད། གྷ་རྫ་དེ་ད་ཆ་མུ་གེ་ཤར་བའི་གནས་སྟངས་དེ་ང་ཚོས་དང་ལེན་བྱེད་མི་ཐུབ། དམག་འཁྲུག་མཚམས་འཇོག་བྱེད་པའི་གྲོས་མཐུན་ཞིག་བཞག་རྒྱུ་གནས་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། མི་གཏའ་ཉར་ཡོད་པ་རྣམས་རང་དབང་གི་གློད་བཀྲོལ་གཏོང་། མ་ཚད་གྷ་རྫ་ནང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གང་མང་འབྱོར་ཐུབ་པ་བྱེད་དགོས་ཀྱི་ཡོད། སྲིད་འཛིན་མཆོག་སྐུ་སྒེར་གྱི་ངོས་ནས་དམག་འཁྲུག་དེ་མཚམས་འཇོག་ཡོང་བར་འབད་བརྩོན་གནང་བར་བསྔགས་བརྗོད་ཡོད། གྲོང་ཁྱེར་རཱ་ཧྥ་དེ་བཞིན་མི་སེར་དཀྱུས་མའི་མི་འབོར་ཤིན་ཏུ་མང་བའི་ས་ཁུལ ཞིག་ཡིན་པས་དམག་འཁྲུག་བཙན་འཛུལ་དེ་ངེས་པར་དུ་མི་ཡོང་བ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག 

ད་ལྟའི་ཆར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རཱ་ཧྥ་ནང་དབྱི་ཟི་རལ་གྱིས་བཙན་གནོན་ལས་བྲོས་བྱོལ་དུ་ཡོང་བའི་ཁྱོན་མི་གྲངས་ ས་ཡ་ ༡་༥ ཙམ་འཚང་ག་བརྒྱབ་ནས་གནས་སྡོད་བྱས་ཡོད་འདུག

Share