སིཌ་ནིང་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ སྲུང་བརྩི་གྱིས་ངོ་རྒོལ་སྐད་འབོད་གནང་བ།

65th Tibetan National Uprising Day Sydeny.jpg

Get the SBS Audio app

Other ways to listen

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་སིཌ་ནི་བོད་རིགས་མཐུན་ཚོགས་ Tibetan community of Australia (NSW) དང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ New Castle community གཉིས་ཀྱིས་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ སྲུང་བརྩི་དང་། སིཌ་ནིང་གྲོང་ཁྱེར་གྱི་ལྟེ་བ་ Martin Place ནས་རྒྱ་ནག་གཞུང་ཚབ་མདུན་བར་ཁྱོན་བོད་མི་ ༥༠༠ ཙམ་གྱིས་གོམ་བགྲོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།


དེ་རིང་དུས་དྲན་སྲུང་བརྩིའི་ལས་འགུལ་སྐབས་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་པ་ཆོས་འཛིན་ལགས་ཀྱིས་དེ་རིང་ང་ཚོས་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུན་མཚན་དང་། བོད་མི་ཚོས་དོན་ཚན་གསུམ་མ་བརྗེད་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས་ང་ཚོ་བོད་མི་རིགས་འདིར་དཀའ་ངལ་དང་དམྱལ་བ་མི་ཡུལ་དུ་ཕོས་པ་ལྟ་བུ་བཟོ་མཁན་དེ་སུ་རེད། དེ་བོད་མི་མི་རེ་ངོ་རེས་བསམ་བློ་གཏོང་དགོས་པ་མ་དང་། དེ་ལ་བབས་པའི་མ་འོངས་པར་ལས་འགུལ་ག་རེ་སྤེལ་དགོས་མིན་དང་། སུ་ལ་ཁ་གཏད་གཅོག་དགོས་མིན་ང་ཚོའི་བསམ་བློ་ནང་ནས་དམ་བཅས་བཞག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་བོད་མི་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་རོགས་ཞེས་རེ་སྐུལ་ནན་མོ་ཞུ་བཞིན་ཡོད་ཅེས་གསུངས་སོང་།

གཞན་ཡང་ད་ཐེངས་གསུམ་བཅུ་དུས་དྲན་ཐེངས་ ༦༥ པ་དང་དང་སྟབས་བསྟུན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་དང་། དེ་རིང་གསུམ་བཅུའི་དུས་དྲན་གཞུང་འབྲེལ་མཛད་སྒོ་ཐོག་མཉམ་ཞུགས་དང་གཏམ་བཤད་གནང་ཡོད་པ་རེད།

Share