གདོད་མའི་མི་རིགས་ཁྲོད་རིག་གཞུང་སྣ་ཚོགས་སྐོར་ཤེས་དགོས་པའི་གལ་གནད།

E_RAP_DIVERSITY_AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཁྲོད་དུ་རིག་གནས་ཕྱུག་པོ་དང་རིག་གནས་སྣ་ཚོགས་ཅན་ཞིག་ཡིན་ཞིང་དེ་ནི་ཨོ་སི་ཊོ་ལི་ཡའི་ནང་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་ཡོད། སྤྱིར་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲིན་གྱི་མི་རྣམས་ནི་མི་སྡེའི་ཁྱིམ་ཚང་གཅིག་གི་ཚོ་ཁག་ལས་གྲུབ་ཡོད།


དོན་ངོ་མར་གདོད་མའི་མི་རིགས་དེ་ཚོ་ནི་རིག་གནས་དང་། སྐད་ཡིག མི་ཚེའི་འཚོ་བ་སྐྱེལ་སྟངས་དང་། རིགས་རྒྱུད་སོགས་ཚང་མའི་འབྱུང་ཁུངས་གཅིག་གྱུར་ཆགས་ཡོད།

གདོད་མའི་རིགས་ཀྱི་རིག་གནས་སྣ་ཚོགས་དེ་ཤེས་རྟོགས་བྱེད་པར་དེ་ནི་བློ་སྒོ་འབྱེད་པ་གཅིག་པུ་མ་ཡིན་པར་ཨ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲན་པ་ཚོའི་སྤྱི་ཚོགས་ནང་ཕན་ཚུན་གྱི་འབྲེལ་བ་དེ་རྣམ་པ་དག་པ་དང་དོན་སྙིང་ལྡན་པའི་འབྲེལ་བ་ཞིག་ཆགས་ཡོད་པ་ཤེས་རྟོགས་བྱེད་ཐུབ།

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་དེ་ཚོ་ཁོང་ཚོའི་རྒྱལ་ཁབ་དང་ཡང་ན་ཁོང་ཚོའི་ས་ཆར་མུ་མཐུད་གཏིང་ཟབ་མོའི་འབྲེལ་བ་ཆགས་ཡོད། དེ་ནི་གཞི་རྩའི་ཁོང་ཚོའི་ཐོབ་ཐང་དང་བདག་དབང་ཆགས་ཡོད།

འདིའི་འབྲེལ་བ་སྐོར་ཆ་ཚང་ཤེས་རྟོགས་བྱེད་པར་གལ་ཆེ་ཤོས་ཤིག་ནི་མི་རིགས་དང་པོའི་ཚོའི་སྤྱི་ཚོགས་ཁྲོད་རིག་གནས་སྣ་ཚོགས་སྐོར་ཤེས་རྟོགས་བྱ་རྒྱུ་གལ་ཆེན་ཆགས་ཡོད།

ཨ་ཅག་མུན་ཡཱ་ཨན་ཌོར་ Munya Andrews ལགས་ནི་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་ས་ཁུལ་གྱི་ཀིམ་བྷར་ལའེ་ Kimberley ནས་གདོད་མའི་མི་རིགས་ཀྱི་མི་རབས་རྒན་པ་ཞིག་རེད། ཁོ་མོས་གདོད་མའི་མི་རིགས་སྐོར་འགྲེལ་བརྗོད་བྱེད་པར་ཐོག་མར་གལ་ཆེ་ཤོས་དེ་གདོད་མའི་མི་རིགས་ཀྱི་ས་ཁྲ་ཐོག་ནས་འགོ་འཛུགས་དགོས་པ་རེད་ཅེས་གསུངས་འདུག

ང་ཚོས་མི་ཚོར་ས་ཁྲ་དེའི་ཐོག་ལ་བལྟ་རུ་བཅུག་གི་ཡོད། དེ་ལ་མི་རིགས་དང་ས་ཁུལ་མི་འདྲ་བ་ ༥༠༠ ཙམ་ཡོད་པ་རེད། ཟུར་མིག་བལྟ་མཁན་ཞིག་གིས་ཨོ་སི་ཊོ་ལི་ཡའི་ནང་མི་རིགས་རིག་གནས་འདྲ་མིན་སྣ་ཚོགས་ཡོད་པ་མཐོང་གི་རེད། ཡིན་ན་ཡང་མི་ཚོས་དེ་འདྲའི་ཤེས་རྟོགས་བྱེད་མི་ཐུབ་པར་ཁོང་ཚོས་འདིའི་ཐོག་བལྟ་སྐབས་ངས་ཧ་གོ་གི་མི་འདུག་ཟེར་གྱི་རེད། དེ་ལ་ཚོ་ཁག་ཧ་ཅང་མང་པོ་འདུག དེ་ཚོ་ག་རེ་ཡིན་མིན་ཤེས་ཀྱི་མ་འདུག་ཟེར་གྱི་རེད། འདིའི་ནང་མི་རིགས་རིག་གནས་འདྲ་མིན་སྣ་ཚོགས་ཡོད་པ་རེད། མི་རིགས་རིག་གནས་རེ་རེ་ལ་སྐད་ཡིག་རེ་དང་ཡང་ན་གཞན་དང་མཉམ་སྤྱོད་བྱེད་བཞིན་པའི་སྐད་ཡིག་རེ་ཡོད་པ་རེད། དེ་ལ་བརྟེན་ནས་སྐད་ཡིག་ཧ་ཅ་མང་པོ་དང་མི་རིགས་རིག་གནས་ཧ་ཅང་མང་པོ་ཡོད་པ་རེད་ཅེས་གསུངས་འདུག

ཨ་ཅག་མུན་ཡཱ་ཨན་ཌོར་ Munya Andrews ལགས་ནི་རྩོམ་པ་པོ་ཞིག་དང་། ཁྲིམས་ལུགས་ཆེད་མཁས་པ་བཅས་རེད། ཁོ་མོས་ཆེ་ཆུང་ཚད་གཞི་གཅིག་ཚང་མ་ལ་ཏག་ཏག་རན་པ་ཞིག་ཡོང་ཐབས་མེད་པའི་གནས་ལུགས་དེའི་ཐོག་ནས་གདོད་མའི་མི་རིགས་ཀྱི་དོན་སྙིང་ལྡན་པའི་མིའི་དབར་གྱི་འབྲེལ་བ་རིག་གནས་སྐོར་གསུངས་དོན།

ཆེ་ཆུང་གི་ཚད་གཞི་གཅིག་གཅིག་པུས་ཚང་མར་ཏག་ཏག་རན་པ་ཞིག་ཡོང་ཐབས་མེད་པའི་གནས་ལུགས་དེའི་ཐོག་ནས་ས་གནས་འདིར་རིག་གནས་སྣ་ཚོགས་དང་ལས་དོན་དང་ལས་གཞི་གང་འདྲ་ཞིག་ཡིན་ཡང་རྣམ་པ་སྣ་ཚོགས་ཤིག་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཀར་ལཱ་རོ་གྷར་ Carla Rogers ལགས་ནི་གདོད་མའི་མི་རིགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་ཁོ་མོ་ནི་ ཨ་ཅག་མུན་ཡཱ་ཨན་ཌོར་ Munya Andrews ལགས་དང་མཉམ་དུ་འབྲེལ་བ་ཟབ་མོས་ཕྱག་ལས་གནང་མཁན་ཞིག་རེད།

ཁོ་མོས་གདོད་མའི་མི་རིགས་ཀྱི་རིག་གནས་སྣ་ཚོགས་སྐོར་ཤེས་རྟོགས་བྱེད་པ་ནི་ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ཤེས་རྟོགས་བྱེད་པའི་གནད་འགག་གཙོ་བོ་ཞིག་དང་། ཡིན་ན་ཡང་ད་ལྟའི་ཆར་ཡང་གདོད་མའི་མི་རིགས་དང་གདོད་མའི་མི་རིགས་མ་ཡིན་པ་ཚོའི་དབར་ད་དུང་ཡང་བར་ཐག་ཞིག་ལྷག་བསྡད་ཡོད་སྐོར་གསུངས་འདུག

ཐོག་མར་ཨོ་སི་ཊོ་ལི་ཡར་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་འགོ་བཙུགས་སྐབས་གདོད་མའི་མི་རིགས་ཀྱི་རིག་གནས་སྣ་ཚོགས་ཀྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུར་ཉུང་དྲག་པའི་རྐྱེན་གྱིས་དཀའ་ངལ་འདི་ཆགས་ཡོད། མ་ཚད་ད་ལྟའི་ཆར་ཡང་དཀའ་ངལ་གྱི་ཡོངས་ཁུངས་གཙོ་བོ་ནི་མི་མང་པོ་ཞིག་གིས་གདོད་མའི་མི་རིགས་ཨེ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ནི་རིགས་དང་འབྱུང་ཁུངས་གཅིག་རང་ཡིན་པའི་ལྟ་ཚུལ་དེ་ལས་བྱུང་བ་རེད། སྐད་ཡིག་དང་རིག་གནས་སྣ་ཚོགས་ཡོད་པ་གོ་རྟོགས་སྤེལ་བ་དང་ཤེས་རྟོགས་བྱེད་མ་ཐུབ་པ་དང་། མ་ཚད་ཁོང་ཚོ་དབར་སྐད་ཡིག་མ་འདྲ་བ་ཡོད་པའི་ཆ་ནས་ཕན་ཚུན་ཁ་བརྡ་ཡང་བྱེད་ཐུབ་ཀྱི་མེད་པའི་རྐྱེན་སོགས་ཀྱི་རེད་ཅེས་གསུངས་འདུག

ཨ་ཅག་མུན་ཡཱ་ཨན་ཌོར་ Munya Andrews ལགས་ཀྱིས་ཁྱེད་རང་མི་རིགས་ཀྱི་ཚོགས་སྡེ་གང་ནས་ཡིན་པ་དེ་ནས་རིག་གནས་དང་། སྐད་ཡིག མི་ཚེའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་སྒྲོམ་གཞི་ཚང་མ་མ་འདྲ་བ་ཡོད་པ་དང་། མ་ཚད་སྒྱུ་རྩལ་གྱི་རིག་གནས་ཀྱང་མ་འདྲ་བ་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་ཨེ་བྷོ་རི་ཇི་ནལ་གྱི་སྒྱུ་རྩལ་རིགས་ལ་ལྟོས་དང་ངས་འགྲེལ་བརྗོད་བྱེད་ཆོག ངས་སྒྱུ་རྩལ་ལ་བལྟས་ནས་དེ་ཚོ་ཨོ་སི་ཊོ་ལི་ཡའི་ས་གནས་ག་པར་ནས་ཡིན་མིན་ཏག་ཏག་ཧ་གོ་གི་ཡོད། དེ་དམིགས་བསལ་གཅིག་རེད། མི་མང་པོ་ཞིག་གིས་ཨེ་བྷོ་རི་ཇི་ནལ་གྱི་རིག་གནས་ནང་རི་མོ་ཚེག་བརྒྱབ་ཡོད་པ་དེ་འདྲ་ཡོད་རེད་བསམས་ཀྱི། ཡང་ཨེ་བྷོ་རི་ཇི་ནལ་གྱི་ནང་གསེར་བྷར་དྷི་ Bardi དེ་ཚོ་ལ་ལྟོས་དང་།  དེ་ཚོ་ང་ཚོའི་རིགས་དེ་རེད། ང་ཚོ་ཚ་ཆུའི་མི་རིགས་ཤིག་རེད། ང་ཚོའི་རིག་གནས་དེ་འཛམ་གླིང་གི་ས་གནས་གང་སར་མཚོ་གླིང་པ་དེ་ཚོའི་རིག་གནས་དང་ཧ་ཅང་འདྲ་པོ་ཡོད་རེད། དེ་ཚོའི་སྒྱུ་རྩལ་ཚོན་རིས་ཁག་ནང་རྦ་རླབས་དང་འདྲ་པོ་ཡོད་པ་ལས་ཚེག་ dot རིས་དེ་འདྲ་རྩ་བ་ནས་ཡོད་མ་རེད་ཅེས་གསུངས་འདུག

Share