ཨོ་གླིང་རྒྱལ་ཡོངས་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས།

Australia Tibetan Youth Unity Cup 2024.jpg

Get the SBS Audio app

Other ways to listen

ཨོ་གླིང་རྒྱལ་ཡོངས་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་དེ་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་ ༣ རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རར་ཚོགས་ཡོད་པ་རེད།


ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཁེམ་བྷེ་ར་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་འདྲ་མིན་ནས་བོད་རིགས་གཞོན་སྐྱེས་བུའི་ལག་རྩེད་སྤོ་ལོ་རུ་ཁག་ ༡༡ དང་། བུ་མོའི་ལག་རྩེད་སྤོ་ལོ་རུ་ཁག་ ༣ བུའི་རྐང་རྩེད་སྤོ་ལོ་རུ་ཁག་ ༨ བཅས་རྩེད་འགྲན་ནང་མཉམ་ཞུགས་བྱས་ཡོད་པ་རེད།

ཐེངས་འདིའི་འགྲན་བསྡུར་ཁྲོད་བུའི་རྐང་རྩེད་སྤོ་ལོ་འགྲན་སྡུར་ནང་ཨང་དང་པོ་དེ་གནས་མཁར་གསར་རུ་ཁག་དང་། བུའི་ལག་རྩེད་སྤོ་ལོ་འགྲན་བསྡུར་ནང་ཨང་དང་པོ་སིཌ་ནིང་ནང་ཆོལ་གསུམ་རུ་ཁག བུ་མོའི་ལག་རྩེད་སྤོ་ལོ་འགྲན་བསྡུར་ནང་ཨང་དང་པོ་ཁེམ་བྷེ་ར་ཆིག་སྒྲིལ་རུ་ཁག་བཅས་ལ་ཐོབ་ཡོད་པ་རེད།


Share