མ་རྩ་རྡིབ་པའི་གནས་སྟངས་སྐོར་ཤེས་རྟོགས་དང་དེ་དང་འབྲེལ་བའི་གལ་ཆེན་གནས་ཚུལ་ཁག་ཅིག

9189-AusExpl_Social_1080x1350_LongLeftAligned_Orange.png

Get the SBS Audio app

Other ways to listen

མི་མང་པོ་ཞིག་མ་རྩ་རྡིབ་རྗེས་དེའི་རྐྱེན་པས་ངོ་ཚ་བ་དང་མིང་ཆད་ངན་པ་ཕོག་པའི་ཚོར་སྣང་སླེབས་ཀྱི་ཡོད། འོན་ཀྱང་དེ་ནི་དཔལ་འབྱོར་གྱི་དཀའ་ངལ་སེལ་བའི་ཐབས་ལམ་ལེགས་ཤོས་ཤིག་ཀྱང་ཡིན་སྲིད། གལ་སྲིད་ཁྱོད་ཀྱིས་རང་ཉིད་ཀྱི་བུ་ལོན་ལ་དོ་དམ་བྱེད་མ་ཐུབ་པའི་གནས་སྟངས་ཆགས་ཚེ་ཁྱོད་ཀྱིས་དངུལ་ཁང་གི་བུ་ལོན་འཇལ་རྒྱུའི་སྙན་ཞུ་འབུལ་ཆོག


ཆེད་ལས་སློབ་སྟོན་ལ་རེ་ནས་ཁྱེད་རང་ལ་མཚོན་ན་མ་དངུལ་མེད་པ་ཆགས་རྗེས་གདམ་ཀ་གཞན་ཞིག་ཡོད་པ་ངེས་གཏན་བཟོས་རྗེས། ཁྱེད་ཀྱིས་དེའི་མཇུག་འབྲས་ཤེས་རྟོགས་ཐུབ་པ་བྱེད་དགོས་ཀྱི་ཡོད།

མ་རྩ་རྡིབ་པ་ནི་ཁྲིམས་མཐུན་གྱི་གོ་རིམ་ཞིག་བརྒྱུད་རྗེས་དེའི་ཐོག་ནས་ཁྱེད་རང་གི་བུན་ལོན་མང་ཆེ་བར་སྟངས་འཛིན་དང་དཀའ་ངལ་དེ་ལས་གྲོལ་ཐབས་བྱེད་ཀྱི་ཡོད་པ་དང་། ཁྱེད་རང་སླར་ཡང་ལས་དོན་གསར་པ་ཞིག་འགོ་འཛུགས་བྱེད་ཆོག

ཁྱེད་ཀྱིས་རང་མོས་ཀྱིས་མ་རྩ་སྟོངས་པའི་རེ་ཞུ་ཞུས་ཆོག་ལ། བུན་བདག་གི་རེ་བ་དེ་ཁྲིམས་ཁང་གིས་མ་རྩ་སྟོངས་པའི་ཁྱབ་བསྒྲགས་བྱས་ཀྱང་ཆོག།

འདི་ཕལ་ཆེར་དགེ་མཚན་ལྡན་པའི་གོམ་རིམ་ཞིག་ཡིན་སྲིད་ལ། དེའི་ངོ་ཚ་ལ་དམིགས་པ་ལས་ཧ་ཅང་གིས་བརྒལ་བ་རེད།

དེ་འདྲ་ཡིན་ན་ཡང་མ་རྩ་སྡིག་པའི་གནས་སྟངས་དེ་ལས་མཇུག་འབྲས་ཚབས་ཆེན་ཀྱང་ཡོང་སྲིད། དེ་ནི་མ་རྩ་སྡིག་པའི་བཅའ་ཁྲིམས་ལས་གདམ་ག་གཞན་དག་ཀྱང་ཡོད་སྲིད། སཱ་རཱ་མེ་གྷ་སོན་ Sarah Megginson ལགས་ནི་དངུལ་སྒོར་སྐོར་ཆེད་ལས་པ་རྒན་པ་ཞིག་རེད། ཁོ་མོས་དེའི་སྐོར་བསམ་ཚུལ་གསུངས་དོན་ལ་བདམ་ག་དང་པོ་དེ་ནི་བུན་ལོན་གྱི་གན་རྒྱ་ལ་རག་ལུས་ཡོད་སྐོར་གསུངས་འདུག

ཁོ་མོས་བུ་ལོན་གྱི་གྲོས་མཐུན་དེ་སྤྱིར་བཏང་དུ་ཡུན་ལོ་གསུམ་ནས་ལྔའི་ཡས་མས་སུ་རྒྱུན་མཐུད་དུ་བྱས་ཡོད། ཁྱེད་ཀྱིས་དོ་དམ་བྱས་པ་བརྒྱུད་ནས་བསྡུར་ཚད་ངེས་ཅན་ཞིག་གི་བུ་ལོན་འཇལ་རྒྱུར་ ཁོ་ཚོས་ཁྱེད་དང་ཁྱེད་རང་གི་བུན་བདག་དང་གྲོས་མོལ་བྱ་རྒྱུ་ཡིན། ཁོ་ཚོས་བུ་ལོན་ཇེ་ཉུང་དུ་གཏོང་སྲིད། དེ་ནས་ཁོ་ཚོས་ལོ་ལྔའི་ནང་ཁྱེད་ལ་དངུལ་སྤྲོད་པའི་འཆར་གཞི་བཟོ་སྲིད། འོན་ཀྱང་དེར་དམིགས་ནས་དོན་ཚན་དང་ཆ་རྐྱེན་མི་འདྲ་བ་མང་པོ་ཡོད། གལ་ཏེ་ཁྱོད་ཀྱི་བུན་བདག་གིས་དེ་དང་ལེན་བྱེད་མི་འདོད་ན། ཁོ་ཚོས་དང་ལེན་བྱེད་མི་དགོས་ཞེས་གསུངས་འདུག

ཁྱོད་ཀྱིས་བུ་ལོན་འགའ་ཞིག་འཇལ་ཐུབ་ན་ད་གཟོད་བུ་ལོན་འགན་འཇལ་བྱེད་ཆོག་པ་ཡིན། གདམ་ཀ་གཉིས་པ་ནི་ཁྱོད་དང་ཁྱོད་ཀྱི་བུན་བདག་བར་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་གྲོས་ཆོད་ཅིག་ཡིན།

ཡང་ཁོ་མོས་དེ་ནི་ཁྱོད་ཀྱིས་དངུལ་ཁང་གི་བུ་ལོན་འཇལ་ཐབས་ཀྱི་འཆར་གཞི་ཞིག་གི་ཆེད་དུ་ཁོང་ཚོ་དང་གྲོས་མོལ་བྱེད་བཞིན་ཡོད་པ་དེ་རེད། དེ་ནི་ནམ་རྒྱུན་ཡིད་ཆེས་བློ་གཏད་བྱེད་སའི་མི་སྣ་ཞིག་བསྐོ་བཞག་བྱེད་པ་དང་འབྲེལ་བ་ཡོད། ཁོང་ཚོས་བརྒྱུད་རིམ་དེ་འགན་འཁུར་ནས་ཁྱོད་ལ་བུ་ལོན་འཇལ་རྒྱུའི་འཆར་གཞི་ཞིག་བཟོ་རོགས་བྱེད་ཀྱི་རེད། དེ་ཡང་བུ་ལོན་རེད། གཉིས་པ་ནི་ནམ་རྒྱུན་ལོ་གསུམ་ནས་ལྔ་བར་གྱི་དུས་ཡུན་ལ་འབྱུང་གི་ཡོད། ཁྱོད་ཀྱིས་འཆར་གཞི་དེའི་ཆེད་དུ་སྐྱེད་ཀ་སྤྲོད་དགོས་པ་དང་། བུ་ལོན་འཇལ་རྒྱུའི་འཆར་གཞིའི་ནང་དུ་ཞུགས་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དངུལ་ཁང་གི་བུ་ལོན་མང་ཆེ་བ་འཇལ་ཐུབ་ཀྱི་ཡོད་པས་དངུལ་ཁང་གི་བུ་ལོན་འཇལ་ཐབས་མི་འདྲ་བ་ཡོད། གང་ལྟར་ཡང་། ཐག་གཅོད་མ་བྱས་གོང་དུ་དཔལ་འབྱོར་སློབ་སྟོན་པ་ཞིག་ལ་སློབ་སྟོན་ཞུ་རྒྱུ་གལ་ཆེན་ཆགས་ཡོད།

རྒྱལ་ཡོངས་བུ་ལོན་རོགས་དངུལ་ཁ་པར་ཨང་གྲངས་ནི་རེས་གཟའ་ཟླ་བ་ནས་རེས་གཟའ་པ་སངས་ཀྱི་བར་ཨང་གྲངས་ 1800 007 007 ཐོག་འབྲེལ་བ་ཞུས་ཆོག་ཅེས་ལྕམ་མེ་གྷན་སོན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁ་མོས་ཁོང་ཚོ་ནི་གོམ་པ་དང་པོ་རྒྱག་ས་དང་འབྲེལ་བ་ཞུས་ན་ཡག་པོ་ཡོད། རྒྱུ་མཚན་ནི་ཁོང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་བྱེད་པ་དང་། གླ་ཆ་སྤྲོད་མཁན་ཚོར་ཉམས་མྱོང་ཅན་གྱི་དཔལ་འབྱོར་སློབ་སྟོན་པ་ཁྱེད་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་གདམ་ཀ་འདི་དག་ཚང་མར་ཁྱེད་དང་ལྷན་དུ་འགྲེལ་བཤད་རྒྱག་གི་ཡོད།

ཁོང་ཚོས་ཁེ་མེད་རང་དབང་གི་ཞབས་ཞུ་སྒྲུབ་ཀྱི་ཡོད་ཅིང་། རྟག་ཏུ་གླ་ཆ་བླངས་ཀྱིིི་མེད་པས་མ་ཚད་རྟག་ཏུ་གསང་བ་ཉར་གྱི་ཡོད། ངས་ཁོང་ཚོར་ཤིན་ཏུ་ནས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཁྱེད་རང་གིས་མ་རྩ་སྡིག་པའི་རོགས་དངུལ་སྙན་ཞུ་འབུལ་སྐབས་ AFSA ཞེས་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་ཉེན་སྲུང་འགན་དབང་ནས་དོ་དམ་དང་བརྒྱུད་རིམ་ལག་བསྟར་བྱེད་ཀྱི་ཡོད་ཅེས་མ་རྩ་སྐོར་གྱི་ཆེད་མཁས་པ་ཁེ་ལར་ཁོ་རེ་གྷན་ Clare Corrigan ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་ཐོག་མར་ཁྱོད་ཀྱིས་རང་གི་དཔལ་འབྱོར་གྱི་གནས་ཚུལ་ཚང་མ་འཚོལ་སྡུད་བྱས་ཏེ། དངུལ་ཁང་གི་དྲ་རྒྱའི་ཐོག་ནས་དངུལ་ཁང་གི་བུ་ལོན་དོར་ཐབས་ཀྱི་སྙན་ཞུ་ཞིག་ཕུལ་དགོས། དེ་ནས་དངུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་སྙན་ཞུ་དེར་དཔྱད་ཞིབ་བྱས་ཏེ། གལ་སྲིད་ཨང་གཉིས་པའི་ངོས་ལེན་ཐོབ་ཚེ། མི་སྒེར་པ་དེ་དངུལ་ཁང་གི་བུ་ལོན་དོར་ཐབས་ཀྱི་སྙན་ཞུ་ཕུལ་ཡོད་པར་བསྒྲགས་ནས་དངུལ་ཁང་གི་བུ་ལོན་དོར་ཐབས་ཀྱི་སྙན་ཞུ་དེ་ལ་སྲུང་སྐྱོབ་བྱེད་ཐུབ། དེ་ལྟར་བྱས་ན་ཁོ་ཚོས་དཔལ་འབྱོར་གྱི་གནས་སྟངས་བསྐྱར་གསོ་བྱེད་ཐུབ་ཅེས་གསུངས་འདུག

Share