སློབ་མ་བསྟན་འཛིན་བསྟན་དར་ལགས་སུ་བྱ་དགའ་མི་འདྲ་བ་ཁག་བཞི་རག་འདུག

Tenzin Tendhar.jpg

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་དུ་སློབ་སྦྱོང་གནང་བཞིན་པའི་སློབ་མ་བསྟན་འཛིན་བསྟན་དར་ལགས་སུ་ཕྱི་ལོ་ ༢༠༢༣ ལོའི་འཛིན་གྲྭའི་ནང་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་སོགས། ཁྱོན་བྱ་དགའ་མི་འདྲ་བ་ཁག་བཞི་རག་ཡོད་འདུག


དེ་ཡང་ཁོང་ལ་བྱ་དགའ་དང་པོ་ཁོང་ཉིད་སློབ་གྲྭ་འགྲོ་ས་ Oran Park, Barramurra མི་མང་སློབ་གྲྭའི་འཛིན་རིམ་དྲུག་པའི་ནང་སློབ་སྦྱོང་རྩེད་ཕུད་ཀྱི་བྱ་དགའ་དང་། ཕྱི་ལོ་ ༢༠༢༣ འཛིན་གྲྭ་དྲུག་པ་སློབ་ཐོན་སློབ་མ་ཁྱོན་ཡོངས་ནས་སློབ་སྦྱོང་རྩེ་ཕུད་ཀྱི་བྱ་དགའ། ནིའུ་སའོ་ཐི་ཝལ་གཙུག་ལག་སློབ་གཉེར་ཁང་གི་ས་ཞིང་དང་ཁོར་ཡུག་འཛུགས་བསྐྲུན་འཆར་འགོད་ཀྱི་ངོས་ནས་གཞི་རིམ་སློབ་གྲྭའི་ཨང་རྩིས་དང་འབྲེལ་བའི་བྱ་དགའ། གཞན་ཡང་དུས་རྒྱུན་ཤེས་ཡོན་དང་ཀུན་སྤྱོད་བཟང་པོའི་བྱ་དགའ་བཅས་བྱ་དགའ་མི་འདྲ་བ་ཁག་བཞི་རག་འདུག

མ་ཚད་འདི་ལོ་ཁོང་ཉིད་ཁང་ཚན་གྱི་རུ་དཔོན་ House Leader ལ་བདམས་ཡོད་པས་མ་ཚད། ཕྱི་ལོ་ ༢༠༢༤ ལོའི་འཛིན་གྲྭ་བདུན་པའི་སློབ་མ་དྲག་གྲས་ཀྱི་འདེམས་སྒྲུབ་ནང་ལ་ཡང་ཚུད་ཡོད་འདུག

བསྟན་འཛིན་བསྟན་དར་ལགས་ནི་ཕྱི་ལོ་ ༢༠༡༢ ལོར་རྡ་རམ་ས་ལར་སྐྱེས་ཤིང་། ༢༠༡༤ ལོར་ཕ་མ་དང་ནང་མི་ལྷན་དུ་ཨོ་སི་ཊོ་ལི་ཡར་འབྱོར་ཡོད་འདུག མི་རིགས་གཞན་པའི་ཁྲོད་དུ་བོད་པའི་ཕྲུག་གུ་གཅིག་པུ་དེས་བྱ་དགའ་མང་པོ་ཞིག་རག་པ་དེར་ཁོང་ཕ་མ་གཉིས་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

བཅར་འདྲི་དང་གནས་ཚུལ་སྙན་སྒྲོན་ཞུ་མཁན་སངས་རྒྱས་རྡོ་རྗེ་ཡིན།

Share