དམིགས་བསལ་སྐུ་མགྲོན་གྱིས་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་བ།

Karma Sangay.jpg

Get the SBS Audio app

Other ways to listen

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་རིང་ཨོ་སི་ཊོ་ལི་ཡའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱུན་ལས་སྐབས་གཉིས་པས་གོ་སྒྲིག་འོག གྲོང་ཁྱེར་སིཌ་ནིང་ལ་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་དང་པོ་སྲུང་བརྩི་གནང་ཡོད་པ་རེད།


རིག་གཞུང་དུས་སྟོན་དེའི་ཐོག་སྐུ་མགྲོན་གཙོ་བོར་སྐུ་ཚབ་དོན་གཅོད་སྐུ་ངོ་ཀརྨ་སེངྒེ་མཆོག་དང་། ཆེད་བསྟོད་སྐུ་མགྲོན་ས་སྐྱ་ཐེག་པ་གླིང་ཆོས་ཚོགས་ཀྱི་འགན་འཛིན་སྤྲུལ་སྐུ་གདུང་རྒྱུད་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་པ་ཆོས་མཛད་སོགས་ཀྱི་གཙོས་པའི་སྐུ་མགྲོན་ཁག་དང་། བོད་མི་སོགས་ཁྱོན་མི་གྲངས་ ༣༥༠ ཙམ་འདུ་འཛོམས་གནང་འདུག

Chushi Gangdrug Australia.jpg
ད་ཐེངས་ཀྱི་རིག་གཞུང་དུས་སྟོན་དེའི་ཐོག་གཞས་སྣ་གཟིགས་འབུལ་དང་། བོད་ཀྱི་ས་ཁུལ་སོ་སོའི་ཐུན་མོངས་མ་ཡིན་པའི་གྱོན་གོས་གཟིགས་འབུལ་གོམ་བགྲོད་དང་། གཞན་ཡང་རྩེད་རིགས་སྣ་ཚོགས་གོ་སྒྲིག་གནང་ཡོད་པ་རེད།

Share