ཨོ་སི་ཊོ་ལི་ཡའི་ས་གནས་རང་ལ་སྐྱེས་པའི་སྔོ་ཚལ་ཤིང་ཐོག་སོགས་ཀྱིས་ཟས་རིགས་སྣ་ཚོགས་བཟོ་སྟངས།

Ways to bring bush tucker to your festive plate.jpg

Get the SBS Audio app

Other ways to listen

ཤིང་ནག་ཁྲོད་དུ་སྐྱེས་པའི་ཤིང་འབྲས་དང་སྔོ་ཚལ་གྱི་རིགས་འཚོལ་ཞིབ་ཀྱིས་ཁྱེད་ཀྱིས་ཐབ་ཚང་ནང་རྒྱུན་དུ་སྤྱོད་བཞིན་པའི་ཟས་རིགས་ཀྱི་ཚབ་བྱེད་ཆོག དེ་ནི་ཟས་རིགས་ཁོ་ནའི་གནད་དོན་ཙམ་མ་ཡིན་པར་དེ་ནི་ཨོ་སི་ཊོ་ལི་ཡའི་ཤུལ་བཞག་རིག་གནས་ལ་གསོན་ཤུགས་རྒྱས་ཐབས་ཀྱི་དུས་ཆེན་སྲུང་བརྩི་ཞིག་ཀྱང་ཆགས་ཀྱི་ཡོད།


ཨོ་སི་ཊོ་ལི་ཡའི་ས་གནས་སུ་སྐྱེས་པའི་ཟས་རིགས་ཀྱི་འབྱུང་ཁུངས་དེ་དག་གླེང་བ་ནི་ངོ་མཚར་རིན་ཐང་བྲལ་བའི་ཨོ་སི་ཊོ་ལི་ཡའི་སྲོལ་རྒྱུན་གྱི་རིག་གནས་གླེང་བའི་ཐབས་ལམ་གལ་ཆེན་ཞིག་ཆགས་ཀྱི་ཡོད།

ས་གནས་ཀྱི་རང་བྱུང་ཐོན་ཁུངས་དེ་ཚོ་ཕྱིས་སུ་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་ཀྱང་། ཁྱིམ་ཚང་ནང་གི་མ་བྱན་ཞིག་ལ་མཚོན་ན་ད་དུང་ཟས་རིགས་དེ་ཚོའི་སྐོར་ཤེས་རྟོགས་མེད་པ་དེ་འདྲ་ཡང་ཡོད་སྲིད།

ཌ་མན་ཁལ་ཐར་ཌི་ Damien Coulthard ལགས་ནི་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཤིག་དང་ཁོང་ནི་<<ཨོ་སི་ཊོ་ལི་ཡའི་ཡུལ་དེ་གའི་ཟས་རིགས་ཁྱེད་ཀྱི་ཐབ་ཚང་ལ་ངོ་སྤྲོད་>> Introducing native Australian ingredients to your kitchen ཞེས་ཨོ་སི་ཊོ་ལི་ཡའི་ས་གནས་ཀྱི་ཟས་རིགས་ཐོན་ཁུངས་ངོ་སྤྲོད་བྱེད་པའི་དེབ་དེ་རྩོམ་མཁན་ཞིག་ཀྱང་ཡིན།

ཁོང་གིས་ཞལ་ལག་ཕུན་སུམ་ཚོགས་པ་ཞིག་གང་འདྲ་ཞིག་བཟོ་དགོས་རུང་། ཨོ་སི་ཊོ་ལི་ཡའི་ས་གནས་རང་ལ་སྐྱེས་པའི་བཟའ་བཅའི་རིགས་ཤེས་རྟོགས་དང་འཚོལ་ཞིབ་བྱེད་དགོས་ཞེས་དང་། བྲོ་རྫས་དེ་ཚོ་འཚོལ་ཞིབ་བྱེད་པར་དུས་ཚོད་ག་དུས་ཡག་བ་ཡོད་མེད་དང་ཡང་ན་དུས་ཆེན་དེ་འདྲའི་སྐབས་སུ་ཡག་བ་ཡོད་མེད་ཤེས་རྒྱུ་གལ་ཆེན་ཞེས་གསུངས་འདུག

ད་ལྟའི་དུས་འདིར་གདོད་མའི་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཟས་རིགས་ལ་རྒྱུས་ལོན་གྱིས། ཤུལ་བཞག་རིག་གནས་ཀྱི་ཟས་རིགས་ལོངས་སུ་སྤྱོད་པའི་དུས་ཚོད་བཟང་པོ་ཞིག་རེད།

ཁོང་གིས་དོན་ངོ་མར་ཁྱིམ་ཚང་ནང་ཁ་ལག་བཟོ་མཁན་མ་བྱན་སུ་ཞིག་ཡིན་རུང་། དུས་སྟོན་དེ་འདྲའི་སྐབས་སུ་ས་གནས་ཀྱི་ཤིང་འབྲས་དང་རྩི་ཤིང་སྔོ་ཚལ་རིགས་ཀྱིས་ཞལ་ལག་བཟོ་རྒྱུའི་སྐུལ་མ་བྱེད་བཞིན་ཡོད། དཔེར་ན་ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་གྲང་ཚལ་དང་། ཤིང་ཐོག་རིགས་མི་འདྲ་བ་མང་པོ་ཞིག་བཟོ་ཆོག་ལ། མ་ཚད་ཟས་རིགས་སྣེ་ཁ་མི་འདྲ་བ་མང་པོ་ཞིག་བཟོ་བྱེད་ཀྱི་རྒྱུ་ཆ་དྲ་ཐོག་ནས་ཀྱང་མངག་ཉོ་བྱེད་ཆོག་ཅེས་གསུངས་འདུག

ས་གནས་ཀྱི་ཟས་རིགས་གྲུབ་ཆ་གསར་པ་སྤྱད་ནས་ཟས་རིགས་ཡོངས་སུ་མ་འདྲ་བ་བཟོས་ཆོག དཔེར་ན། དུས་རྒྱུན་ཁྱེད་རང་གི་གྲང་ཚལ་ནང་སྤོ་ཚལ་ Spinach བྱེད་སྤྱོད་བྱེད་བཞིན་ཡོད་ཚེ་དེའི་ཚབ་ཏུ་ Warrigal ཞེས་པའི་ས་གནས་ཀྱི་ཚལ་སྔོན་པོ་དེ་བེད་སྤྱོད་བྱེད་ཆོག

ཞལ་ལག་གཙོ་བོར་ཆག་བཞག་ན་ཡང་ཁྱེད་རང་གིས་དུས་ཚིགས་མ་འདྲ་བ་གཞིག་ནས་སྔོལ་ཚལ་སོགས་ས་གནས་རང་ལ་སྐྱེས་པའི་ཟས་རིགས་བཟོ་བྱེད་ཀྱི་རྒྱུ་ཆ་སྣེ་ཁ་མ་འདྲ་བ་འཚོལ་ཆོག་གི་ཡོད།

ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་ཆ་མཚོན་ན། རྒྱུན་དུ་ཁ་ལག་ཚ་པོའི་རིགས་དཔེར་ན་བྱ་ Turkey ཡི་ཤ་དང་། བྱ་ཤ་གཞན་དག   ཉ་ཤ  ལུག་ཤ་སོགས་བཟོ་བཞིན་ཡོད། གལ་སྲིད་ཁྱེད་རང་གིས་ལུག་ཤ་ཞིག་བཟོ་རྒྱུའི་གྲ་སྒྲིག་ཡོད་ཚེ་ལུག་ཤ་དང་མཉམ་དུ་ Saltbush ཞེས་པའི་སྔོ་ཚལ་མཉམ་དུ་བེད་སྤྱོད་བྱེད་སྲིད་ལ། ཡང་ན་བྱ་ཤ་དང་བྱ་ Turkey ཡི་ཤ་དང་མཉམ་དུ་ Geraldton wax ཞེས་པའི་མེ་ཏོག་སྔོ་ཚལ་དེ་ཡག་པོ་ཡོད། Geraldton wax དེ་དྲི་མ་ཧ་ཅང་ཞིམ་པོ་ཡོད། གལ་སྲིད་སུ་ཞིག་རྒྱ་མཚོ་གང་རུང་ནས་འཁྱེར་ཡོང་བའི་ཉ་ཤ་ལ་དགའ་པོ་ཡོད་ན། ངའི་བསམས་པར་ཞོར་ཟས་ལ་ཉ་ཕྱིས་ Oyster དང་མཉམ་དུ་ལི་མན་དང་། ཡང་ཤ་རྨིད་ Prawn དང་མཉམ་དུ་ལི་མན་བཟོས་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ Minyunbal བུད་མེད་ Arabella Douglas ལགས་ནི་མི་རིགས་དང་པོ་ཚོའི་ཚོགས་པ་ Currie Country ཞེས་པ་དེ་གསར་འཛུགས་གནང་མཁན་ཞིག་རེད།

ཁོ་མོས་ང་ཚོས་ས་གནས་ཀྱི་ཟས་རིགས་སྐོར་བསམ་བློ་གཏོང་དུས་སོ་སོ་རང་ཉིད་ལ་འདྲི་དགོས་པའི་དྲི་བ་གཅིག་ནི་དབྱར་ཁར་ལྷོ་ཕྱོགས་ཁུལ་དུ་ཟས་རིགས་ག་རེ་ཡོད་མེད་སྐོར་དྲི་བ་འདྲི་རྒྱུ་དེ་རེད་ཅེས་གསུངས་འདུག

ཁོ་མོས་ལྷོ་ཕྱོགས་ལ་ཆ་མཚོན་ན་ཁ་ལག་ཚང་མ་སོས་པ་དང་། མཚོ་ཟས་ཚང་མ་སོས་པ་རེད། མ་ཚད་ཚང་མ་ས་གནས་རང་ནས་ཐོན་པའི་རང་བྱུང་ཁོན་ཁུངས་ཀྱི་ཟས་རིགས་རེད། ཤཱ་མིས་དང་མཚོ་ཟས་དེ་ཚོ་གནད་འགག་གཙོ་བོ་རེད། དེ་ཚོ་ཚང་མ་ས་གནས་རང་གི་ཐོན་ཁུངས་རེད། མཚོ་ཟས་ཚང་མ་ས་གནས་ཀྱི་ཟས་རིགས་རེད། ཡིན་ན་ཡང་ང་ཚོས་མཚོ་ཟས་གང་ཞིག་བཟའ་རྒྱུ་ཡིན་མིན་དེ་གནད་འགག་རེད་ཅེས་གསུངས་འདུག

རྒྱ་མཚོའི་ཟས་རིགས་ཤཱ་མིས་ Prawn དང་ སྡིག་སྲིན་དེ་ཚོ་ནི་ཁུན་སི་ལན་ཌིའི་ས་གནས་ Douglas གནས་སྡོད་བྱེད་མཁན་ནང་མི་དེ་ཚོའི་ཟས་རིགས་གཙོ་བོར་རེད་ཅེས་གསུངས་འདུག

སྤྱིར་སྟངས་ང་ཚོ་ནང་མི་ཞིག་ལ་ཆ་མཚོན་ན་དཔེར་ན། ཉ་ཤ་དང་རྒྱ་མཚོའི་ཟས་རིགས་གཞན་དག ཤའི་རིགས་དེ་ཚོ་རྒྱུན་ལྡན་དགའ་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་མཚམས་རེར་ས་གནས་ཀྱི་ཟས་རིགས་ཐོན་ཁུངས་དེ་ཚོས་ཚབ་ཀྱང་བྱེད་ཆོག ཁྱེད་རང་ཡང་དེ་འདྲ་འདོད་པ་ཡོད་སྲིད་ལ་ང་ཚོས་ཀྱང་དེ་འདྲ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་འདུག

ཞོ་དང་ཤིང་ཐོག་མཉམ་དུ་བཟོས་པའི་ཟས་རིགས་དེ་ནི་ཨོ་སི་ཊོ་ལི་ཡའི་དུས་ཆེན་དེ་འདྲའི་སྐབས་སུ་ཟས་རིགས་གལ་ཆེན་བརྩི་བཞིན་ཡོད་པ་དང་། ཟས་རིགས་དེ་དང་མཉམ་དུ་ས་གནས་ཀྱི་ཐོན་ཁུངས་ཁག་གི་ཟས་རིགས་ཀྱིས་སྡེབ་སྦྱོར་བྱ་རྒྱུ་ནི་དེ་ལས་ཀྱང་ཐབས་ཤེས་ཡག་པོ་ཞིག་ཆགས་ཡོད་པ་རེད།

Share